◆2019ལོར་རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་སྔོ་ལྗང་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་428.2ཟིན་ནས་གཙོ་གནད་ས་ཁོངས་ཀྱི་སྣོད་བཅུད་སྤྱི་ཕན་ནགས་ར་དང་། བྱེ་འགོག་བྱེ་བཅོས། “གཙང་པོ་གཉིས་དང་ཆུ་བོ་བཞི”རྒྱུག་ཁུལ་གྱི་ནགས་བཟོ་སྔོ་འགྱུར་བཅས་རྒྱུན་མཐུད་ངང་སྤེལ་བ་དང་། གསར་དུ་ནགས་བཟོ་མུའུ་ཁྲི་130.7བྱས་པའི་ཁར་ཆ་རྐྱེན་ཡོད་པའི་ས་ཁུལ་དུ“གྲོང་ཚོ་དང་། དུད་ཚང་། ཚན་པ་བཅས་སུ་ལྗོན་ཤིང་ཡོད་པ་བྱེད་པའི”དམིགས་ཚད་ལས་འགན་སྔོན་ཚུད་ནས་ལེགས་གྲུབ་བྱུང་བ་རེད།
◆མིག་སྔར་རང་ལྗོངས་ཀྱི་རྩ་ཆེའི་རི་སྐྱེས་སྲོག་ཆགས་ཀྱི་ཁྱུ་ཚོགས་སྲུང་སྐྱོང་ཁུལ་ནང་མང་དུ་འགྲོ་བཞིན་ཡོད་པ་དང་། གཙོད་ཀྱི་གྲངས་འབོར་ཁྲི་20ཙམ་འཕར་བ་དང་། འབྲོང་གི་གྲངས་འབོར་ཁྲི་1ལྷག་ཙམ་འཕར་བ། ཁྲུང་ཁྲུང་མཇིང་ནག་གི་གྲངས་འབོར་8000བར་མང་དུ་ཕྱིན་པ། སྤྲེལ་ཁྲའི་གྲངས་འབོར་700ལྷག་ཙམ་མང་དུ་ཕྱིན་པ། ད་དུང་དེ་སྔ་སྟོངས་ལ་ཉེ་བའི་བོད་ཀྱི་ཤྭ་བ་སེར་ཆེན་ད་ཆ་1000ལྷག་ཙམ་ཡོད་པ་རེད།
ཕྱོགས་ཡོངས་ཀྱི་འབྱོར་འབྲིང་ཡོང་མིན་དེ་སྣོད་བཅུད་ཁོར་ཡུག་གི་སྤུས་ཚད་ལ་ཐུག་ཡོད། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་བརྒྱུད་རིམ་ནང་རང་ལྗོངས་ཀྱིས་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅིའི་མཐའ་སྐྱོང་བོད་བརྟན་གྱི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོ་འཛུགས་པ། སྣོད་བཅུད་ཁོར་ཡུག་ལ་བརྩི་འཇོག་དང་། བསྟུན་པ། སྲུང་སྐྱོང་བཅས་བྱས་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་མྱུར་བཏང་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད། 2019ལོར་རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་སྔོ་ལྗང་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་428.2ཟིན་ནས་གཙོ་གནད་ས་ཁོངས་ཀྱི་སྣོད་བཅུད་སྤྱི་ཕན་ནགས་ར་དང་། བྱེ་འགོག་བྱེ་བཅོས། “གཙང་པོ་གཉིས་དང་ཆུ་བོ་བཞི”རྒྱུག་ཁུལ་གྱི་ནགས་བཟོ་སྔོ་འགྱུར་བཅས་རྒྱུན་མཐུད་ངང་སྤེལ་བ་དང་། གསར་དུ་ནགས་བཟོ་མུའུ་ཁྲི་130.7བྱས་པའི་ཁར་ཆ་རྐྱེན་ཡོད་པའི་ས་ཁུལ་དུ“གྲོང་ཚོ་དང་། དུད་ཚང་། ཚན་པ་བཅས་སུ་ལྗོན་ཤིང་ཡོད་པ་བྱེད་པའི”དམིགས་ཚད་ལས་འགན་སྔོན་ཚུད་ནས་ལེགས་གྲུབ་བྱུང་བ་རེད།
“གནམ་གཤིས་ཀྱི་གྲངས་གཞི་ལས་མངོན་གསལ། རང་ལྗོངས་ཀྱི་གཙང་འགྲམ་ཁུལ་གྱི་བྱེ་རྡུལ་གནམ་གཤིས་ལོ་ལྟར་ཉིན་0.8ཉུང་དུ་ཕྱིན་ནས་བྱེ་འགྱུར་བཅོས་སྒྲིག་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་ལ། ཡར་ཀླུང་གཙང་པོའི་འགོག་སྲུང་ནགས་ར་དེ་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གྱི་གྲུབ་ཆ་གལ་ཆེན་དུ་གྱུར་ཡོད”ཅེས་ལྷོ་ཁ་གྲོང་ཁྱེར་ནགས་ལས་རྩྭ་ཐང་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་བརྗོད།
དུས་རབས་གོང་མའི་ལོ་རབས་80ཡི་དུས་འགོར་བྱེ་ཕུང་གང་སར་ཐོན་པ་དང་ད་དུང་བྱེ་རླུང་རྟག་ཏུ་ལྡང་གི་ཡོད། འོན་ཀྱང་ད་ཆ་ས་གནས་མང་ཆེ་བ་སྔོ་ལྗང་ཅན་དུ་གྱུར་ནས་མཛེས་ལྗོངས་སྐྱིད་སྣང་དོད་པོ་ཡོད། ཡར་ཀླུང་གཙང་འགྲམ་གྱི་འགྱུར་ལྡོག་དེ་དག་ནི་རྒྱལ་ཁབ་ཀྱིས་མ་དངུལ་ཕོན་ཆེན་བཏང་བ་དང་། རང་སྐྱོང་ལྗོངས་ཀྱིས་ཚན་རིག་དང་མཐུན་པའི་ཐབས་ཇུས་བཀོད་སྒྲིག་བྱས་པ། དེ་བཞིན་ལྷོ་ཁས་ལོ་བཅུ་གྲངས་ཉིན་གཅིག་ལྟར་དམངས་ཡོངས་ཀྱི་འོས་འགན་ཤིང་འཛུགས་དང་ཚན་རིག་དང་མཐུན་པའི་གཡོག་བྱེད་ནན་པོ་བྱས་པ་བཅས་ལས་བྱུང་ཡོད།
“2003ལོར་ང་རང་སྐྱོང་ལྗོངས་ནགས་ལས་ཚན་རིག་ཁང་གི་སྡོང་ཕྲུག་རྟེན་གཞིར་སླེབས་སྐབས་དེ་ཐང་རྒོད་ཅིག་རེད་འདུག ད་ཆ་ནགས་རར་གྱུར་ཡོད། ལྷག་པར་དུ་དེར་རྩ་ཆེའི་ཤིང་སྣ་མང་པོ་བཏབ་ཡོད་པས་བོད་ཀྱི་ཤིང་རིགས་སྲུང་སྐྱོབ་དང་། གསོ་སྤེལ། ནགས་བཟོ་བཅས་ལ་ལེགས་སྐྱེས་ཧ་ཅང་ཆེན་པོ་ཕུལ་ཡོད་ལ་མི་མངོན་པའི་སྟོབས་ཤུགས་ཀྱང་ཆེན་པོ་ལྡན་ཡོད། དངོས་ནས་ལས་སླ་པོ་ཞིག་མ་རེད”ཅེས་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཡོན་ཀྲང་ཉི་མ་བཀྲ་ཤིས་ཀྱིས་བཤད།
“རི་སྟེང་དུ་ཤིང་བཙུགས་པ”དེས་རིག་གནས་ཀྱིས་ཕྱུག་པའི་ལྷ་སར་སྔོ་ལྗང་གི་མཛེས་ལྗོངས་གསར་དུ་བསྣན་ཡོད་ལ་དེས་ཡུལ་སྐོར་ལ་སྐུལ་ཁྲིད་དང་སྣོད་བཅུད་དཔལ་འབྱོར་འཕེལ་བར་བྱས་ཡོད” “རི་སྟེང་དུ་ཤིང་འཛུགས་པའི”རྣམ་གྲངས་ཀྱི་ཆུ་འདྲེན་ཁྲོན་པ་དང་མདོང་ལམ་སྒྲིག་ཆས་དེ་ལམ་ཚད་ངེས་ཅན་ཞིག་སྤྱོད་ཐུབ་པ་དང་། མདོང་ལང་ས་འོག་ཏུ་སྦས་ནས་ལོ་ལྔ་སོང་རྗེས་ས་གནས་དེ་གའི་སྲིད་གཞུང་ལ་དོ་དམ་བྱ་རྒྱུར་རྩིས་སྤྲད་ནས་གཡོག་བྱེད་རུ་ཁག་གིས་མུ་མཐུད་གཡོག་བྱེད་བྱེད་ཆོག ལོ་ལྔ་སོང་རྗེས་ཤིང་རིགས་དེ་ཚོ་སྐྱེ་མཚར་ཡག་པོ་ཐུབ་ནས་གཡོག་བྱེད་དེ་ཙམ་བྱེད་དགོས་མེད”ཅེས་ནགས་ལས་རྩྭ་ཐང་ཅུས་སྣོད་བཅུད་སླར་གསོ་ཁྲུའི་ཁྲུའུ་ཀྲང་མིག་དམར་ཚེ་རིང་གིས་དེ་ལྟར་བཤད།
དེ་དང་ཆབས་ཅིག་རང་ལྗོངས་ཀྱིས་ད་དུང་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་གི་ལས་དོན་ལ་ཤུགས་སྣོན་བརྒྱབ་ཅིང་། མིག་སྔར་རང་ལྗོངས་ཀྱི་རྩ་ཆེའི་རི་སྐྱེས་སྲོག་ཆགས་ཀྱི་ཁྱུ་ཚོགས་སྲུང་སྐྱོང་ཁུལ་ནང་མང་དུ་འགྲོ་བཞིན་ཡོད་པ་དང་། གཙོད་ཀྱི་གྲངས་འབོར་ཁྲི་20ཙམ་འཕར་བ་དང་། འབྲོང་གི་གྲངས་འབོར་ཁྲི་1ལྷག་ཙམ་འཕར་བ། ཁྲུང་ཁྲུང་མཇིང་ནག་གི་གྲངས་འབོར་8000བར་མང་དུ་ཕྱིན་པ། སྤྲེལ་ཁྲའི་གྲངས་འབོར་700ལྷག་ཙམ་མང་དུ་ཕྱིན་པ། ད་དུང་དེ་སྔ་སྟོངས་ལ་ཉེ་བའི་བོད་ཀྱི་ཤ་བ་སེར་ཆེན་ད་ཆ་1000ལྷག་ཡོད་པ་རེད།
ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་གི་བྱང་རྒྱུད་དུ་གནས་པའི་ངར་ནང་ཤང་ནི་མཛེས་ཤིང་ལྟ་ན་སྡུག་ལ་རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་ཀྱང་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་པ་མ་ཟད། ས་ཆ་དེའི་མང་ཚོགས་ཚོ་ས་མ་འབྲོག་གི་འཚོ་བ་སྐྱེལ་བཞིན། ཤྭ་བ་མཆུ་དཀར་ནི་ངར་ནང་ཤང་དུ་འཚོ་སྡོད་བྱེད་པའི་རི་སྐྱེས་སྲོག་ཆགས་ཀྱི་གྲས་ཤིག་ཡིན་ལ་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཀྱང་ཡིན། ཐན་པ་བསྟན་པའི་སྐབས་སུ་ཤྭ་བ་མཆུ་དཀར་ཁྱུ་ཚོགས་རི་གཤམ་དུ་ཞིང་ཁར་བབས་ཀྱི་ཡོད།
ཤྭ་བ་མཆུ་དཀར་དང་སྣོད་བཅུད་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པ་དང་ཆབས་ཅིག་གྲོང་མིའི་ཁེ་ཕན་ལ་གནོད་འཚེ་མི་ཕོག་པ་བྱ་ཆེད། ངར་ནང་ཤང་ཏང་ཨུད་དང་སྲིད་གཞུང་གིས་ལོ་དེ་དག་ནང་ཐབས་ཤེས་མང་པོ་བཏང་ཡོད། “ང་ཚོས་རྔ་འབོ་གྲོང་ཚོའི་གཟན་རྩྭ་འདེབས་འཛུགས་རྟེན་གཞིའི་ལྕགས་དྲའི་ཕྱིར་ལ་ཕུག་བཏབ་ཡོད། ཤྭ་བ་མཆུ་དཀར་གྱིས་རི་ནས་བབས་རྗེས་ལ་ཕུག་ཟ་ཡི་ཡོད་པས་ལྕགས་དྲའི་ནང་གི་གཟན་རྩྭར་སྲུང་སྐྱོང་ཐུབ་ཡོད”ཅེས་ངར་ནང་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་སུང་དབྱི་ཆིང་གིས་བཤད།
གཞན་ཡང་རང་ལྗོངས་ཀྱིས་སྣོད་བཅུད་སྲུང་སྐྱོང་ཉམས་གསོར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་ནས《བོད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་འཆར་འགོད》དང་ལྷ་ས་གྲོང་ཁྱེར་གྱི་རི་ཆུ་ནགས་ཞིང་མཚེའུ་རྩྭ་བཅས་ཀྱི་སྣོད་བཅུད་མ་ལག་སྲུང་སྐྱོང་ཉམས་གསོ་འདུ་འགོད། གཙང་པོ་དང་ཆུ་འགོའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོང་འདུ་འགོད་སོགས་ལག་བསྟར་ཤུགས་ཆེན་བྱེད་བཞིན་ཡོད་པས་རི་སྔོ་ཆུ་དྭངས་ཀྱི་རྣམ་པ་ཞིག་སྐྱེ་བོ་ཀུན་གྱི་མིག་ལམ་དུ་མངོན་ཉེར་ཡོད་པ་རེད།
ཉེ་བའི་ལོ་ཤས་རིང་གང་བྱུང་དུ་གསར་སྦོལ་དང་སྡོད་ཁང་རྒྱག་པ་སོགས་བྱས་པའི་དབང་གིས་ལྷུན་གྲུབ་རྫོང་དགའ་ལྡན་ཆོས་འཁོར་གྲོང་རྡལ་དགའ་ལྡན་ཆོས་འཁོར་གྲོང་ཚོའི་མཁར་ཐོག་ཚོགས་ཆུང་གི་འདམ་རའི་སྣོད་བཅུད་ཁོར་ཡུག་ལ་ཤུགས་རྐྱེན་ངེས་ཅན་ཐེབས་ཡོད།
“དུད་ཚང་3སྤོ་འདོད་འདུག དེ་སྔ་འདམ་ར་ཡིན་ཡང་མང་ཚོགས་སོ་སོས་གསར་སྦོལ་བྱས་པའི་ཐོན་འབབ་དམའ་བའི་ས་ཞིང་ཡང་རིམ་གྱིས་བསྡུས་པ་ཡིན། རང་སྐྱོང་ལྗོངས་ནགས་ལས་ཚན་རིག་ཁང་གི་འདམ་རའི་སྣོད་བཅུད་སྲུང་སྐྱོང་གི་སྤྱིའི་འཆར་འགོད་དོན་རྗེས་ང་ཚོས་ལག་བསྟར་ནན་པོ་བྱ་རྒྱུ་ཡིན། ཆབས་ཅིག་གནས་སྤོས་མང་ཚོགས་དང་ས་ཆ་བསྡུ་ལེན་བྱས་པའི་མང་ཚོགས་ལ་ཡང་ལུགས་མཐུན་གྱི་ཁ་གསབ་སྤྲོད་རྒྱུ་མ་ཟད། སྣོད་བཅུད་ལས་གནས་ཐོག་བཀོད་སྒྲིག་འོས་འཚམ་བྱས་ནས་ཡོང་འབབ་དམའ་རུ་མི་འགྲོ་བ་བྱ་རྒྱུ་ཡིན”ཞེས་མཁར་ཐོག་ཚོགས་ཆུང་གི་འདམ་ར་སྲུང་སྐྱོང་འདུ་འགོད་རྣམ་གྲངས་ཀྱི་འགན་འཁུར་བས་དེ་ལྟར་བཤད།