
ད་ཆ་དབུལ་སྐྱོར་གསར་སྤེལ་མཐའ་མཇུག་གི་མཁར་རྫོང་གཏོར་བའི་དུས་མཚམས་སུ་སླེབས་ཡོད་པས། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག“དབུལ་སྐྱོར་འགག་སྒྲོལ་གྱི་དམག་འཐབ”ནས“དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ”ལ་འགྱུར་ལྡོག་བཏང་ཡོད། འདི་ནི་སྔོན་ཆད་དམར་དམག་རྒྱང་སྐྱོད་བྱེད་སྐབས་མཐའ་མཇུག་གི་རི་བོ་མཐོན་པོ་ལིའུ་ཕན་རི་བོ་རྒྱག་དགོས་པ་བཞིན། རྒྱལ་ཡོངས་ཀྱི་ད་ཡོད་མི་འབོར་དབུལ་པོ་ཁྲི་ལྔ་སྟོང་ལྷག་ཙམ་ཚང་མ་དབུལ་སྒྲོལ་ཐུབ་པ་བྱ་རྒྱུ་ནི། ང་ཚོས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་རྣམ་པར་རྒྱལ་བར་ངེས་པར་དུ་འཛེགས་དགོས་པའི་མཐའ་མཇུག་གི་རི་བོ་མཐོན་པོ་ལྟ་བུ་རེད། རི་བོ་མཐོན་པོ་འདི་བརྒྱབ་ཚེ། དབུལ་སྐྱོར་གསར་སྤེལ་གྱི་ལེ་དབར་ཁྲིའི་རྒྱང་སྐྱོད་ལ་གཞི་ནས་མཐའ་མཇུག་གི་རྒྱལ་ཁ་ལེན་ཐུབ།
《ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་ལས་བཞུགས་མོལ་ཚོགས་འདུའི་ཐོག་གི་གསུང་བཤད》(2016ལོའི་ཟླ་7ཚེས་20ཉིན)