དབུ་ཤོག>ཆེད་སྒྲིག
  • འབྲུབ་འགོག་གེགས་སེལ་ཡག་པོ་བྱེད་དགོས་པ་གལ་འགངས་ཧ་ཅང་ཆེ། 45

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-07-23

    微信图片_20200630095127.jpg

      འབྲུབ་འགོག་གེགས་སེལ་ནི་མི་དམངས་ཀྱི་ཚེ་སྲོག་གམ་རྒྱུ་ནོར་གྱི་བདེ་འཇགས་དང་འབྲེལ་བ་ཡོད་ལ། འབྲུ་རིགས་དང་། དཔལ་འབྱོར། སྤྱི་ཚོགས། རྒྱལ་ཁབ་བཅས་ཀྱི་བདེ་འཇགས་དང་ཡང་འབྲེལ་བ་ཡོད། ད་ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཕམ་ཐག་གཅོད་ཀྱི་ལོ་རེད་ལ། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་མཇུག་བསྡུའི་ལོའང་ཡིན་པས། འབྲུབ་འགོག་གེགས་སེལ་གྱི་ལས་དོན་ཡག་པོ་སྒྲུབ་དགོས་པ་ནི་གལ་འགངས་ཧ་ཅང་ཆེ། དེར་བརྟེན། ངེས་པར་དུ་ལྷོ་བྱང་རྒྱུད་ཀྱི་གཙང་པོ་དང་ཆུ་བོ་བདེ་འཇགས་ངང་འབྲུབ་དུས་ལས་སྒྲོལ་བར་སྤྱི་འདོམས་དམ་འཛིན་ཡག་པོ་བྱེད་དགོས་པ་དང་། གྲ་སྒྲིག་སྔོན་འགོག་དང་འཕྲལ་སྡོམ་འཕྲལ་རྐྱེན་ཐག་གཅོད་ཟུང་འབྲེལ་བྱེད་དགོས། འབྲེལ་ཡོད་ས་ཁུལ་ཁག་ཚང་མས་སྔོན་ཇུས་གྲ་སྒྲིག་དང་། དཔུང་ཁག་གྲ་སྒྲིག དངོས་རྫས་གྲ་སྒྲིག་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ། སྤྱོད་མི་དགོས་རུང་སྤྱོད་རན་དུས་གྲ་སྒྲིག་མེད་པ་གཏན་ནས་བྱ་མི་རུང་།

        —— ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་གི་གསུང་བཤད། (2020ལོའི་ཟླ་7ཚེས་17ཉིན)

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།