དབུ་ཤོག>ཆེད་སྒྲིག
  • སྤོབས་སེམས་ཆེན་པོས་མདུན་དུ་བསྐྱོད། རྒྱལ་ཁའི་གླུ་དབྱངས་འདི་ནས་ལེན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-07-22

    753208_yis_1595150751294_s.jpg

    འདི་ནི་ལྷོ་ཁ་གྲོང་ཁྱེར་སྲིན་བུ་རི་གྲོང་ཚོར་སྤོས་པའི་ནག་ཆུའི་མཚོ་གཉིས་རྫོང་གི་ས་བབ་མཐོ་བའི་སྣོད་བཅུད་གནས་སྤོས་ཁུལ་ཡིན་པ།

    753210_yis_1595150752012_s.jpg

    འདི་ནི་འབྲི་རུ་རྫོང་གཡང་རམ་གྲོང་ཚོའི་སོལ་རླངས་སྣོན་ཁུལ་དུ་ལོ་61ལ་སོན་པའི་ཕྱུག་འགྱུར་སྣེ་ཁྲིད་པ་དཀོན་མཆོག་ཚེ་འཕེལ(གཡོན་གྱི་དང་པོ)གྱིས་དབུགས་དམ་ནང་སོལ་རླངས་བླུགས་བཞིན་པ།

    753215_yis_1595150754040_s.jpg

    འདི་ནི་གསེར་རྙེད་ཆུས་ནག་ཆུ་གྲོང་རྡལ་གྱི“འབྲོག་པ་རྒད་པོའི”དཀར་ཆུའི་དབུལ་སྐྱོར་ཐོན་ལས་ཁུལ་ཡིན་པ།

    ནག་ཆུའི་ཤར་རྒྱུད་ནས་ནུབ་རྒྱུད་བར་དང་། ཐོན་ལས་དབུལ་སྐྱོར་ནས་སྣོད་བཅུད་དབུལ་སྐྱོར་བར། སྒྱུར་བཅོས་གསར་གཏོད་ནས་སྣེ་ཁྲིད་ཕྱུག་འགྱུར་བར་གྱི་སྐོར་བཅར་འདྲི་བྱེད་སྐབས་དབུལ་སྒྲོལ་འགག་སྒྲོལ་ལས་བྱུང་བའི་བརྗིད་ཆེའི་འགྱུར་ལྡོག་གསར་འགོད་པའི་སེམས་གཏིང་ནས་དངོས་འབྲེལ་ཚོར་བྱུང་ལ། “རྩྭ་ར་ཁོ་ནར་བརྟེན་ནས་ཕྱུགས་འཚོ་བའི”འབྲོག་པ་ཚོའི་དཀའ་གནད་ཐག་གཅོད་བྱུང་སྟེ་དབུལ་ཞྭ་ཕུད་དགོས་ན་སོ་སོའི་ལག་གཉིས་ལ་བརྟེན་དགོས་པའི་ལྡོག་མེད་ཀྱི་གནས་ལུགས་བསམ་བློའི་གཏིང་ནས་གསལ་པོ་རྟོགས་ཏེ་འབྲོག་ཁུལ་གྱི་དབུལ་པོའི་རྣམ་པར་འགྱུར་ལྡོག་བྱུང་ནས་བདེ་སྐྱིད་ལྡན་པའི་འཚོ་བར་རོལ་བ་མིག་མཐོང་ལག་ཟིན་བྱུང་།

    753214_yis_1595150753650_s.jpg

    འདི་ནི་དཔལ་མགོན་རྫོང་གི་དབུལ་སྒྲོལ་འདེགས་སྐྱོར་གྱི་དྲ་ཐོག་ཚོང་དོན་ཞབས་ཞུའི་ལྟེ་གནས་ཀྱི་ཟུར་ཞིག་ཡིན་པ།

    753216_yis_1595150754399_s.jpg

    འདི་ནི་ལྗོངས་ཡོངས་ཀྱི་ཁྱིམ་ཚང་འབྲོག་ར་ཐོག་མ་དང་དཔལ་མགོན་རྫོང་ཉི་མ་ཤང་འུར་ཆེན་གྲོང་ཚོའི་ཁྱིམ་ཚང་འབྲོག་རའི་སྦྱིན་བདག་དཔལ་ལྷ(གཡོན་གྱི་དང་པོ)དང་ནང་མིས་དཀར་ཆུ་ཐུམ་སྒྲིལ་རྒྱག་བཞིན་པ།

    ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ནག་ཆུ་གྲོང་ཁྱེར་གྱིས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“དཀའ་སྤྱད་སྡུག་རུས་ཀྱིས་གསོ་རླུང་དཀོན་ཡང་སྙིང་སྟོབས་མི་ཉམས་པར་ཉི་མ་གང་འཁྱོལ་བྱས་ནས་སྡོད་པ་ལས་དཀའ་བ་སྤྱད་དེ་དམངས་ལ་ཞབས་འདེགས་ཞུ་བའི” “ནག་ཆུའི་སྙིང་སྟོབས”རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་དབུལ་སྒྲོལ་འགག་སྒྲོལ་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་སྤྱི་འདོམས་བྱས་ནས“རྣམ་པར་མ་རྒྱལ་བར་དུ་འབད་འཐབ་བྱེད་པའི”སྙིང་སྟོབས་དང་དམིགས་ཡུལ་མ་འགྲུབ་བར་དུ་འབད་བརྩོན་ལྷོད་མེད་བྱེད་པའི་སྤོབས་ཉམས་ལ་བརྟེན་ནས་སེམས་ནུས་གཅིག་སྒྲིལ་དང་། གཡས་གཞོགས་གཡོན་འདེགས། འགག་སྒྲོལ་དཀའ་སེལ། འབད་འབུངས་ཡར་བརྩོན་བཅས་བྱས་ཏེ་དབུལ་པོ་དབུལ་རྐྱང་མེད་པར་བཟོ་བའི་དམིགས་ཚད་ལས་འགན་ཕྱོགས་ཡོངས་ནས་ལེགས་གྲུབ་བྱས་ཏེ་2020ལོར་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་རྒྱུར་སྲ་ཞིང་བརྟན་པའི་འགན་ལེན་བྱས་ཡོད།

    753211_yis_1595150752589_s.jpg

    འདི་ནི་སོག་རྫོང་དབུལ་སྐྱོར་རྣམ་གྲངས་གསེར་ཉ་གླིང་ཕྲན་མེ་ཏོག་ཁྲོམ་རའི་ཏུང་ཧྲི་ཀྲང་བཀྲ་ཤིས་ཡིན་པ།

    753213_yis_1595150753291_s.jpg

    འདི་ནི་ཤན་རྩ་རྫོང་སྨད་པ་ཤང་བཀྲ་ཆུང་གྲོང་ཚོའི་ཙུའུ་གསུམ་པའི་ཕྱུག་འགྱུར་འཇོན་ཐང་ཅན་དངོས་གྲུབ་ཡིན་པ།

    ཐོབ་པར་དཀའ་བའི་འོད་སྟོང་འཕྲོ་བའི་གྲུབ་འབྲས། 2016ལོ་ནས་བཟུང་། རིམ་རྩིས་བྱས་ན་ནག་ཆུ་གྲོང་ཁྱེར་གྱིས་དུད་ཚང་31942ཀྱི་མི་འབོར་དབུལ་པོ་136318(2019ལོའི་ཟླ་11པར་འགུལ་རྣམ་ལེགས་སྒྲིག་བྱས་པའི་གྲངས་གཞི)དབུལ་སྒྲོལ་བྱུང་བ་དང་། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་མི་འབོར་ཆ་ཚང་དབུལ་སྒྲོལ་བྱུང་བ། དབུལ་པོར་འགྱུར་ཚད་2015ལོའི་ལོ་མཇུག་གི་22.7%ནས་0%བར་ཆག་པ། གྲོང་ཚོ་དབུལ་པོ(གྲོང་ལྷན)1173དབུལ་སྒྲོལ་བྱུང་བ། རྫོང(ཆུས)11ཚང་མའི་དབུལ་ཞྭ་ཕུད་ཡོད། འབྲོག་པའི“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”མངོན་འགྱུར་བརྟན་པོ་བྱུང་བ་དང་། ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ནས་ཐོབ་སེམས་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་མངོན་གསལ་དོད་པོས་ཤུགས་ཆེར་ཕྱིན་ནས་ས་ཁོངས་རང་བཞིན་གྱི་སྤྱི་ཡོངས་དབུལ་པོ་མེད་པ་བཟོ་བའི་དམིགས་ཚད་མངོན་འགྱུར་བྱུང་ཡོད། སླད་ཕྱིན་ནག་ཆུ་གྲོང་ཁྱེར་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་བཏང་ནས་ནག་ཆུའི་མི་རིགས་ཁག་གི་མང་ཚོགས་འཚོ་བ་དེ་བས་ལེགས་པ་དང་དེ་བས་བདེ་སྐྱིད་ལྡན་པ་ཞིག་སྐྱེལ་ཐུབ་པའི་འབད་བརྩོན་བྱ་རྒྱུ་རེད།

    753212_yis_1595150752932_s.jpg

    འདི་ནི་འབྱོར་འབྲིང་ལམ་བུར་སྐྱོད་བཞིན་པའི་དཔལ་མགོན་རྫོང་རྡོལ་རྒས་གྲོང་ཚོའི་མགུ་རུ་རྒྱལ་མཚན་ནང་མི་ཡིན་པ།

    753209_yis_1595150751669_s.jpg

    འདི་ནི་ནམ་མཁའ་གཡའ་དག་ཅིང་རྩྭ་ཆུ་འཛོམས་པའི་ནག་ཆུའི་རྩྭ་ཐང་གི་ཟུར་ཞིག་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།