
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་རྗེས། ང་ས་གནས་སུ་བརྟག་ཞིབ་ཐེངས་གཉིས་པ་བྱེད་པར་སྐྱོད་སྐབས། ཧོ་པེ་ཕུའུ་ཕིང་རྫོང་དུ་སླེབས་བྱུང་། ང་ཕྱིས་སུ་ཡང་ས་ཁུལ་དབུལ་པོ་མི་ཉུང་བ་ཞིག་ཏུ་བསྐྱོད་པ་ཡིན། ང་ས་གནས་འདི་དག་ལ་བསྐྱོད་ནས་བརྟག་ཞིབ་བྱེད་པའི་དམིགས་ཡུལ་གཅིག་ལས་མེད། འདི་ནི་དབུལ་པོ་ངོ་མར་ལྟ་བ་དང་། དབུལ་པོ་ངོ་མར་དབུལ་སྐྱོར། དབུལ་སྐྱོར་ངོ་མ་བྱེད་པ་བཅས་ཀྱི་ཆེད་དུ་ཡིན། གྲོང་གསེབ་དང་། ས་ཁུལ་དབུལ་པོ། ཞིང་པ་དང་ལྷག་པར་དུ་ཞིང་པ་དབུལ་པོ་བཅས་ཀྱི་གནས་ཚུལ་ལ་རྒྱུས་མངའ་མེད་ན། ཀྲུང་གོའི་གནས་ཚུལ་དངོས་ཤེས་མི་ཐུབ་ལ་ཀྲུང་གོར་རྒྱུས་མངའ་ཡོང་མི་སྲིད་ཅིང་། ཐ་ན་ཀྲུང་གོ་ཡག་པོ་སྐྱོང་མི་ཐུབ། དེས་ན། རིམ་ཁག་འགོ་ཁྲིད་ལས་བྱེད་པ་ཚོས་ངེས་པར་དུ་གྲོང་གསེབ་དང་ས་ཁུལ་དབུལ་པོར་མང་ཙམ་བསྐྱོད་དེ་གནས་ཚུལ་ངོ་མ་ཤེས་དགོས་པ་དང་། བརྩེ་སེམས་ཟབ་མོ་བཅངས་ནས་དབུལ་སྐྱོར་གསར་སྤེལ་གྱི་ལས་དོན་ཡག་པོ་སྒྲུབ་ཅིང་དབུལ་སྐྱོར་གསར་སྤེལ་གྱི་ལས་དོན་ལ་དམ་འཛིན་ནས་དམ་འཛིན་ཡང་བསྐྱར་བྱས་ནས། ཏན་ཏན་ཏིག་ཏིག་ངང་ས་ཁུལ་དབུལ་པོའི་མང་ཚོགས་ལ་ཕན་པ་རྒྱུན་ཆད་མེད་པར་ཐོབ་པར་བྱེད་དགོས།
《རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པའི་ཀུའེ་ཀྲོའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་གནང་བའི་གསུང་བཤད》(2014ལོའི་ཟླ་3ཚེས་7ཉིན)