
ཁ་དན་ཚིག་གནས་དང་བྱས་པར་རྗེས་དགོས། གྲོང་གསེབ་ཀྱི་མི་འབོར་དབུལ་པོ་དུས་བཀག་ལྟར་དབུལ་སྒྲོལ་ཐུབ་པ་དང་། རྫོང་དབུལ་པོ་ཚང་མ་དབུལ་ཞྭ་འཕུད་ཐུབ་པ། ས་ཁོངས་རང་བཞིན་གྱི་སྤྱི་ཡོངས་དབུལ་ཕོངས་ཐག་གཅོད་ཐུབ་པ་བཅས་ནི། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་མཐའ་ཚད་ཀྱི་ལས་འགན་རེད་ལ། ང་ཚོའི་བརྗིད་རྔམ་ཆེན་བའི་ཁས་ལེན་ཡང་རེད། ཏང་ཡོངས་ཀྱིས་ལས་དོན་ཡག་པོ་ཏན་ཏན་ཏིག་ཏིག་བསྒྲུབས་ཏེ། 2020ལོར་སླེབས་སྐབས་མི་འབོར་དབུལ་པོ་དང་ས་ཁུལ་དབུལ་པོ་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་འགན་ལེན་བྱེད་དགོས།
——《སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་སུམ་ཅུ་སོ་དགུ་པའི་ཐོག་གི་གསུང་བཤད》(2017ལོའི་ཟླ་2ཚེས་21ཉིན)