དབུ་ཤོག>ཆེད་སྒྲིག
  • ​ ཞི་ཅིན་ཕིང་གི་ལེགས་བཤད། དབུལ་སྒྲོལ་འགག་སྒྲོལ་སྐོར། (40)

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2020-07-16

    微信图片_20200525104558.jpg

    དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་པ་དང་། མི་འབོར་དབུལ་པོ་དང་ས་ཁུལ་དབུལ་པོ་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་ཐུབ་པ་བྱ་རྒྱུ་ནི་རང་རེའི་ཏང་གི་བརྗིད་ཆེའི་ཁས་ལེན་རེད། ཏང་ཡོངས་དང་། རྒྱལ་ཡོངས། སྤྱི་ཚོགས་ཡོངས་བཅས་ཀྱི་སྟོབས་ཤུགས་སྐུལ་སློང་བྱས་ཏེ། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་མཐའ་འཁྱོངས་དང་། ཀྲུང་དབྱང་གིས་སྤྱི་འདོམས་དང་། ཞིང་ཆེན་གྱིས་འགན་གཙོ་བོ་འཁུར་བ། གྲོང་ཁྱེར་དང་རྫོང་གིས་དོན་འཁྱོལ་ལ་དམ་འཛིན་བཅས་བྱེད་པའི་ལས་ཀའི་ལམ་སྲོལ་མཐའ་འཁྱོངས། ཏང་སྲིད་ཀྱི་འགན་གཙོ་བོ་འཁུར་མཁན་གྱི་འགན་འཁྲིའི་ལམ་ལུགས་ལ་ཤུགས་སྣོན། དབུལ་སྐྱོར་ཆེ་མོའི་རྣམ་པ་མཐའ་འཁྱོངས། དབུལ་སྐྱོར་དེ་བློ་སྐྱོར་དང་རིག་སྐྱོར་གཉིས་དང་ཟུང་འབྲེལ་བྱ་རྒྱུར་སྣང་ཆེན། ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་ལས་ལག་བསྟར་གཏིང་ཟབ། ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་ལས་འགན་གཙོ་གནད་ཐོག་འགག་སྒྲོལ་དཀའ་སེལ་བཅས་བྱས་ནས་2020ལོར་སླེབས་སྐབས་རང་རྒྱལ་གྱི་ད་ཡོད་ཚད་གཞིའི་འོག་གི་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་རྣམས་དབུལ་སྒྲོལ་དང་། རྫོང་དབུལ་པོ་ཚང་མ་དབུལ་ཞྭ་འབུད་ཐུབ་པ། ས་ཁོངས་རང་བཞིན་གྱི་སྤྱི་ཡོངས་དབུལ་ཕོངས་ཐག་གཅོད་ཐུབ་པ་བཅས་ཀྱི་འགན་ལེན་བྱས་ཏེ་དབུལ་པོ་ངོ་མ་དབུལ་སྒྲོལ་དང་དངོས་འབྲེལ་དབུལ་སྒྲོལ་ཐུབ་པ་བྱེད་དགོས།

    《ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་བཅད་དེ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་དགོས》(2017ལོའི་ཟླ་10ཚེས་18ཉིན)

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།