དབུལ་སྒྲོལ་འགག་སྒྲོལ་ནི་མ་གཞི་ནས་དཀའ་ཚེགས་ཆེ་བའི་དམག་འཐབ་ཞིག་ཡིན་པ་དང་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་ནི་དཀའ་ཚེགས་ཆེ་བའི་དམག་འཐབ་དེའི་ཁྲོད་ཀྱི་དཀའ་ཚེགས་ཆེ་ས་ཞིག་རེད། དེས་ན་ང་ཚོས་ངེས་པར་དུ་ཤིན་ཏུ་དབུལ་བའི་ས་ཁུལ་དུས་བཀག་ལྟར་དབུལ་སྒྲོལ་འགག་སྒྲོལ་བྱེད་པའི་ལས་འགན་གྱི་དཀའ་ཚེགས་ཆེ་བའི་རང་བཞིན་དང་། གལ་ཆེའི་རང་བཞིན། ཁ་ཚ་དགོས་གཏུགས་ཀྱི་རང་བཞིན་བཅས་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། སྔར་ལས་ལྷག་པའི་གཅིག་སྡུད་ཀྱི་རྒྱབ་སྐྱོར་བྱེད་པ་དང་། སྔར་ལས་ལྷག་པའི་ནུས་ལྡན་གྱི་བྱེད་ཐབས་སྤྱོད་པ། སྔར་ལས་ལྷག་པའི་ནུས་ཆེའི་ལས་དོན་སྒྲུབ་པ་བཅས་ཀྱི་ཐོག་ནས་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས།
《ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་བཞུགས་མོལ་ཚོགས་འདུའི་ཐོག་གི་གསུང་བཤད》(2017ལོའི་ཟླ་6ཚེས་23ཉིན)