དབུ་ཤོག>ཆེད་སྒྲིག
  • ​དུད་ཚང་དབུལ་པོར་འབབ་འཕར་དབུལ་སྒྲོལ་བྱེད་རོགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-07-15

    ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་དངུལ་བུན་གཏའ་འཇོག་དང་ཁག་ཐེག་དཀའ་བའི་གནད་དོན་ཐག་གཅོད་བྱེད་པ་དང་རང་ལྗོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་ཞིང་འབྲོག་པ་དབུལ་པོའི་ཡིད་རྟོན་དངུལ་བུན་གྱི་དགོས་མཁོ་སྐོང་ཆེད། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་2016ལོར“གནད་སྨིན་དབུལ་སྐྱོར་གྱི་གྲངས་ཉུང་ཁྱིམ་འབྱོར་དབུལ་བུན”གསར་དུ་བཏོན་ནས་དབུལ་སྐྱོར་དུད་ཚང་ལ་དངུལ་གྲངས་མང་ཤོས་སྒོར་ཁྲི་5དང་དུས་ཡུན་རིང་ཤོས་ལོ་3གྱི་གཏའ་འཇོག་དང་ཁག་ཐེག་མི་དགོས་པའི་ཡིད་རྟོན་དངུལ་བུན་མཁོ་འདོན་བྱས་ཏེ་དུད་ཚང་དབུལ་པོའི་ཐོན་སྐྱེད་འཕེལ་རྒྱས་དང་འབབ་འཕར་དབུལ་སྒྲོལ་ལ་རམ་འདེགས་བྱས་ཡོད།

    ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཚེ་འཕེལ་ནི་ཁོང་ཚོའི་ཁྲོད་ཀྱི་དཔེ་མཚོན་ཞིག་རེད། ཁོང་གིས“གནད་སྨིན་དབུལ་སྐྱོར་གྱི་གྲངས་ཉུང་ཁྱིམ་འབྱོར་དབུལ་བུན”གྱི་དངུལ་བུན་སྒོར་ཁྲི་5སྤྱད་དེ་ལས་གཏོད་བྱས་པ་དང་དེ་ནས་ཡོང་འབབ་ཡག་པོ་བྱུང་སྟེ་དུད་ཚང་དབུལ་པོའི་གྲས་ནས་ཕྱིར་འཐེན་བྱས་ཡོད། ད་ཆ་ཚེ་འཕེལ་ལ་སོ་སོར་དབང་བའི་འབྲི་ཞོ་ཚོང་ཁང་དང་དེ་བཞིན་སྐྱེལ་འདྲེན་རླངས་འཁོར་ཆེ་གྲས་ཤིག་ཡོད་ལ། མ་རྩ་ཡང་སྒོར་ཁྲི་110ལྷག་ཙམ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།