དབུ་ཤོག>ཆེད་སྒྲིག
  • ​ ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་ཐོན་རྫས་གསར་གཏོད་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-07-15

    ལྗོངས་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐར་ཕྱིན་ལེན་པ་དང་། དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱ་རྒྱུར་འབྲེལ་མཐུད་ཡག་པོ་ཡོང་ཆེད། ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་ལས་རྣམ་གསར་པ་དང་རང་ལྗོངས་ཀྱི་ས་ཁུལ་(གྲོང་ཁྱེར)བདུན་སོ་སོའི་ས་ཁོངས་ཀྱི་ཁྱད་ཆོས་དང་། དངུལ་རྩའི་ཁྱད་ཆོས། དེ་བཞིན་ཞབས་ཞུའི་ཁྱད་ཆོས་བཅས་ལ་དམ་པོར་གཞིགས་ཏེ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་བསྟུད་མར“གངས་ལྗོངས་ཞིང་ཕན་eབུན·གྲོང་གསེབ་ཡུལ་སྐོར་དངུལ་བུན་དང་། གངས་ལྗོངས་ཞིང་ཕན་eབུན·ནས་ཀྱི་དངུལ་བུན། གངས་ལྗོངས་ཞིང་ཕན་eབུན·ནོར་གཡག་དངུལ་བུན། གངས་ལྗོངས་ཞིང་ཕན་eབུན· བོད་ཇའི་དངུལ་བུན། གངས་ལྗོངས་ཞིང་ཕན་eབུན·ཤིང་འབྲས་དངུལ་བུན། གངས་ལྗོངས་ཞིང་ཕན་eབུན·བོད་ཕག་དངུལ་བུན། གངས་ལྗོངས་ཞིང་ཕན་eབུན·དབྱར་རྩ་དགུན་བུའི་དངུལ་བུན། གངས་ལྗོངས་ཞིང་ཕན་eབུན·རྒུན་འབྲུམ་དངུལ་བུན། གངས་ལྗོངས་ཞིང་ཕན་eབུན·བོད་ཁྱིམ་སྤྲོ་ཁང་དངུལ་བུན། གངས་ལྗོངས་ཞིང་ཕན་eབུན·བོད་ལུག་དངུལ་བུན། གངས་ལྗོངས་ཞིང་ཕན་eབུན·བོད་བྱའི་དངུལ་བུན”བཅས་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པ་དང་ཞིང་འབྲོག་དུད་ཚང་ལ་དམིགས་འཛུགས་བྱས་པའི་དངུལ་རྩའི་ཐོན་རྫས་གསར་གཏོད་དང་ཁྱབ་སྤེལ་ཧུར་ཐག་བྱས་ཏེ། ལྗོངས་ཡོངས་ཀྱི་རིག་ནུས་གྲོང་གསེབ་དང་། རིག་ནུས་ཞིང་ལས། རིག་ནུས་ཡུལ་སྐོར་སོགས་འཛུགས་སྐྱོང་ལ་རོགས་འདེགས་ཧུར་ཐག་བྱས་པས། ཞིང་འབྲོག་མང་ཚོགས་དབུལ་སྒྲོལ་ཕྱུག་གྱུར་དང་གྲོང་གསེབ་དར་རྒྱས་གཏོང་བར་དགེ་མཚན་ལྡན་པའི་ནུས་ཤུགས་འདོན་སྤེལ་གང་ལེགས་ཐུབ་ཡོད།

    (འཕྲིན་སྤེལ་བ་ཕུར་བུ་དོན་གྲུབ)

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།