
ད་ཆ་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་ལོ་མང་རིང་ཐག་གཅོད་མ་ཐུབ་པའི་རིམ་པ་ཟབ་པའི་འགལ་བ་དང་གནད་དོན་ཁག་གཅིག་འཕྲད་ཡོད་ལ། ད་དུང་གནས་ཚུལ་གསར་པ་དང་འགྲན་སློང་གསར་པའང་མི་ཉུང་བ་ཞིག་འཕྲད་བཞིན་ཡོད། དབུལ་སྒྲོལ་འགག་སྒྲོལ་དེ་དཀའ་གནད་ལས་སྒྲོལ་བ་དང་འགག་སྒྲོལ་གྱི་མཐའ་མའི་གདོང་མཆོང་གི་དུས་མཚམས་སུ་སླེབས་ནས། འཕྲད་པའི་གནད་དོན་མཐའ་དག་ནི་དབུལ་ཕོངས་ནང་གི་དབུལ་ཕོངས་དང་དཀའ་ངལ་ནང་གི་དཀའ་ངལ་ལས་མ་འདས་པས། རྒྱུན་སྲོལ་གྱི་བསམ་ཕྱོགས་དང་བྱ་ཐབས་དང་སྔ་ལམ་འགྱུར་མེད་ཁོ་ནར་བརྟེན་ན་ལས་འགན་ལེགས་གྲུབ་བྱེད་དཀའ་བས་ངེས་པར་དུ་སྔར་བས་ཆེ་བའི་ཆོད་སེམས་དང་། སྔར་བས་ཁ་གསལ་བའི་བསམ་ཕྱོགས། དེ་བས་གནད་སྨིན་གྱི་བྱ་ཐབས། རྒྱུན་སྲོལ་ལས་བརྒལ་བའི་ལས་དོན་སྒྲུབ་ཤུགས་བཅས་ལ་བརྟེན་ནས་ཀུན་སེམས་གཅིག་སྒྲིལ་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་མངོན་འགྱུར་ཡོང་བ་བྱེད་དགོས།
——《ཀྲུང་དབྱང་གི་དབུལ་སྐྱོར་གསར་སྤེལ་ལས་དོན་ཚོགས་འདུའི་ཐོག་གི་གསུང་བཤད(2015ལོའི་ཟླ་11ཚེས་27ཉིན)》