མི་འབོར་དབུལ་པོའི་ནང་སྐྱེས་སྒུལ་ཤུགས་འཕེལ་བར་བྱེད་པ་དང་། དབུལ་སྐྱོར་དང་། བློ་སྐྱོར། རིག་སྐྱོར་ཟུང་འབྲེལ་བྱེད་པ། འཕྲལ་སྐྱོབ་དཀའ་སེལ་དང་ནང་སྐྱེས་དབུལ་སྒྲོལ་ཟུང་འབྲེལ་བྱེད་པ། མྱུར་འགྲུབ་རྣམ་གྲངས་འཕེལ་རྒྱས་གཏོང་རྒྱུ་དང་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་བྱེད་རྒྱུ་ཟུང་འབྲེལ་བྱེད་པ། གཞན་བརྟེན་དེ་རང་བརྟེན་དུ་སྒྱུར་བ་བཅས་བྱས་ནས། རྒྱུན་མཐུད་ངང་དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས། ས་ཁུལ་དབུལ་པོའི་གོམས་སྲོལ་རྙིང་པ་སྒྱུར་བའི་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་ཤེས་དཔལ་བདེ་ཐང་གི་འཚོ་བ་སྐྱེལ་སྟངས་ཆགས་རྒྱུར་སྐུལ་འདེད་གཏོང་དགོས།
——《ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་གི་གསུང་བཤད》(2017ལོའི་ཟླ་12ཚེས་18ཉིན)