དབུ་ཤོག>ཆེད་སྒྲིག
  • གནས་སྤོ་བྱས་ནས་བདེ་སྐྱིད་འཚོ་བར་རོལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-07-08

    ཟླ་བའི་ཁྱིམ་གནས་སྤོ་མ་བྱས་གོང་། ནང་མི་11གུ་དོག་ལ་དཀར་ཆ་ཞན་པའི་སོ་ཕག་གི་ཁང་པའི་ནང་སྡོད་ཀྱི་ཡོད་པ་དང་། ཁྱིམ་ཚང་གི་ལོ་འཁོར་མོའི་དངུལ་སྨར་ཡོང་འབབ་སྒོར་ཁྲི་1ཀྱང་ཟིན་གྱི་མེད། གནས་སྤོ་བྱས་རྗེས། ཟླ་བ་དང་བཅས་པའི་ནང་མི་དྲིན་ཚོར་གླིང་སྡེ་ཁུལ་གྱི་སྨི་ངོས་གྲུ་100ལྷག་ཙམ་ཡོད་པའི་རྒྱ་ཆེ་ལ་དཀར་ཆ་དོད་པའི་ཐོག་བརྩེགས་ཅན་གྱི་ཁང་པའི་ནང་འཚོ་བ་སྐྱེལ་གྱི་ཡོད་པ་དང་ཕྲུ་གུ་ཚོ་ཡང་ཉེ་འཁོར་གྱི་སློབ་གྲྭར་བསྐྱོད་རྒྱུ་བྱུང་ཡོད། གནས་སྤོ་བྱས་རྗེས་སྡེ་ཁུལ་དུ་གཟུགས་པོར་བརྟག་དཔྱད་བྱེད་སྐབས། ཟླ་བ་ལ་ཐུམ་འབུའི་ནད་ཡོད་པ་ཤེས་རྗེས་རིན་མེད་ངང་གཤགས་བཅོས་བྱས་པ་རེད། 

    ད་ཆ་ཟླ་བ་ནི་སྡེ་ཁུལ་གྱི་བདེ་སྲུང་བ་དང་། བཟའ་ཟླ་ནི་ཅི་ཏཱ་ཁོར་ཡུག་འཕྲོད་བསྟེན་ཀུང་སིའི་གད་པ་ཡིན་པ་མ་ཟད། བུ་མོ་རྒན་པ་ཡུལ་སྐོར་ཀུང་སི་ཞིག་ཏུ་ལས་ཀར་ཡོད་པས་ཁྱིམ་ཚང་གི་ལོའི་ཡོང་འབབ་སྒོར་ཁྲི་7ལྷག་ཙམ་ཟིན་གྱི་ཡོད།

    གནས་སྤོས་མང་ཚོགས“སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ལས་ཀ་ཡོད་པ། ཕྱུག་པོ་ཆཌ་ཐུབ་པ”བཅས་བྱ་ཆེད། དྲིན་ཚོར་གླིང་སྡེ་ཁུལ་གྱིས་བྱ་ཐབས་སྣ་མང་སྤྱད་དེ་མང་ཚོཌ་ལས་ཞུགས་བརྟན་པོ་ཡོང་བར་བྱས་ཤིང་། འབྲེལ་ཡོད་སྡེ་ཚན་དང་འབྲེལ་གཏུག་ཧུར་ཐག་བྱེད་པ་དང་ཁྲོམ་རའི་མི་སྤྱོད་དགོས་མཁོ་དང་ཟུང་འབྲེལ་བྱས་ཏེ་མང་ཚོགས་450ལྷག་ཙམ་ལ་ལས་ཞུགས་རྩལ་ནུས་སྦྱོང་བརྡར་བྱས་པ་དང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཁོངས་ཀྱི་གཞུང་ཁོངས་ཁེ་ལས་ལ་བརྟེན་ནས།“དུད་ཚང་གཅིག་ལ་ལས་གནས་གཅིག་དང་། དུད་ཚང་གཅིག་ལ་ལས་གནས་སྣ་མང”གི་བྱ་ཐབས་ལ་གཞིགས་ཏེ་མི་1106ཐག་ཉེ་ས་དང་སྟབས་བདེ་སར་ལས་ཞུཌ་ཐུབ་པ་རེད།

    2018ལོའི་ཟླ་6པར། དྲིན་ཚོར་གླིང་སྡེ་ཁུལ་གྱིས་ཕྱོཌ་ཁག་ནས་མ་དངུལ་སྒོར་ཁྲི་58གྲབས་གསོག་བྱས་ཏེ་ཁྲེང་ལིང་དབུལ་སྐྱོར་གནས་སྤོས་དམངས་ཕན་སྔོ་ལྗང་ཚད་ཡོད་ཀུང་སི་བཙུགས་པ་དང་། གནས་སྐབས་རིང་ལས་ཞུགས་རྩལ་ནུས་མེད་པའི་མང་ཚོཌ་སྡེ་ཁུལ་གྱི་སྐྱེད་ཚལ་ཀུང་སིར་བཅུག་ནས་ལས་ཀ་སྤྲད་པ་རེད།

    འཚོ་བའི་ཁོར་ཡུག་ཡག་པོ་ཡོད་པ་དང་། སྒོ་རྩ་ནས་ལས་ཞུགས་ཐུབ་པ། ཡོང་འབབ་བརྟན་པོ་ཡོད་པ་བཅས་ཀྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ལས། དྲིན་ཚོར་གླིང་སྡེ་ཁུལ་གྱི་དུད་ཚང་761གི་མང་ཚོགས་3280ཡི་བདེ་སྐྱིད་ཚོར་སེམས་ཆེ་རུ་ཕྱིན་ཞིང་། ཟླ་བས“རི་ཁུག་ནས་སྤོས་ཏེ་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ་སྐྱེལ་འགོ་ཚུགས་པ་དང་། གཞན་ཡུལ་རང་ཡུལ་དུ་གྱུར་བས་རང་ཉིད་ཀྱི་དཀའ་སྤྱད་ངལ་རྩོལ་ལ་བརྟེན་ནས་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་ཡོང་བ་བྱས་ཏེ་མི་རབས་གཅིག་ལས་གཅིག་འཚོ་བ་སྐྱིད་པ་ཡོང་བ་བྱ་རྒྱུ་ཡིན”ཞེས་བརྗོད་པ་ལྟར་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།