ཉེ་དུས། མངའ་རིས་ས་ཁུལ་གྱིས“རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་དམ་འཛིན་དང་དབུལ་སྒྲོལ་འགག་སྒྲོལ་ལ་ལྷོད་གཡེང་མི་གཏོང་བའི”མཛུབ་ཁྲིད་བསམ་བློ་གཞིར་བཟུང་། དམིགས་སའི་རང་བཞིན་གྱི་བྱེད་ཐབས་གཅིག་རྗེས་གཉིས་མཐུད་ངང་བཏོན་ནས་མང་ཚོགས་ཀྱི་འབབ་འཕར་དང་སློབ་གྲྭ་ཆེ་མོ་བའི་ལས་ཞུཌ་ལས་དོན་ལ་དམ་འཛིན་ཤུགས་ཆེན་བྱས་པ་དང་། རིམས་ནད་ཀྱིས་དབུལ་སྒྲོལ་འགག་སྒྲོལ་ལ་བཟོས་པའི་ཤུགས་རྐྱེན་མཐའ་གཅིག་ཏུ་བསལ་ཏེ། དུས་བཀག་བཞིན་དབུལ་སྒྲོལ་འགག་སྒྲོལ་གྱི་ལོ་རྒྱུས་རང་བཞིན་གྱི་ལས་འགན་ལེཌ་གྲུབ་ཐུབ་པའི་འགན་ལེན་བྱས་པ་རེད།
ལས་ཞུགས་སྔོན་ལ་འཇོག་པའི་སྲིད་ཇུས་མུ་མཐུད་ལག་ལེན་ཡག་པོ་བསྟར་ནས། ཞིང་འབྲོག་པར་འབབ་འཕར་ཡོང་བར་བྱེད་པའི་འདུ་འགོད་ཨང་དང་པོ་དོན་འཁྱོལ་ཞིབ་ཚགས་བྱས་པ་རེད། མང་ཚོགས་ལ་འབབ་འཕར་ཡོང་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་དང་སྒེར་རྩེའི་ཉམས་མྱོང་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་དང་ཁྱབ་གདལ་བཏང་སྟེ། ས་ཁུལ་དང་། རྫོང་། ཤང་། གྲོང་ཚོ་བཅས་སུ་ངལ་ནུས་ཕྱིར་གཏོང་གི་འགོ་ཁྲིད་རྩ་འཛུགས་བཙུགས་པ་དང་། གྲོང་ཚོ་ཚན་པར་བྱས་ཏེ་ཞིང་འབྲོག་པའི་ཨར་ལས་རུ་ཁག་དང་ངལ་ནུས་ཡོང་འབབ་གསོག་པའི་རུ་ཁག་བཙུགས་ནས་རྩ་འཛུགས་ཅན་གྱི་ཆུ་ཚད་མཐོ་རུ་བཏང་བ་རེད།
ཁེ་ལས་ཀྱི་མི་སྤྱོད་དགོས་མཁོ་དང་འབྲེལ་མཐུད་བྱེད་པའི་ལས་དོན་ཧུར་ཐག་སྒྲུབ་པ་དང་། ཁེ་ལས་ཁག་གི་མི་སྤྱོད་ཀྱི་དགོས་མཁོ་ཁོང་དུ་ཡང་དག་ཆུད་པ་བྱེད་པ། ཞིང་འབྲོག་མང་ཚོགས་གོ་རིམ་ལྡན་པའི་སྒོ་ནས་ལས་ཞུགས་བྱེད་པ། ངལ་ནུས་གཞན་སྒྱུར་གྱི་ལས་ཞུགས་གནས་ཚུལ་གྱི་མཐིལ་རྟོགས་གྲལ་བཤེར་ལས་དོན་ཕྱོགས་ཡོངས་ནས་སྤེལ་བ་བཅས་བྱས་ཏེ། ས་ཁུལ་ཡོངས་ཀྱི་ངལ་རྩོལ་པའི་མི་གྲངས་དང་། རྩལ་ནུས་སྒྲིག་གཞི། ཨར་ལས་དུས་ཡུན། ལས་ཞུཌ་གཞན་སྒྱུར་ཁྱབ་ཁོངས་སོགས་ཀྱི་རྨང་གཞིའི་གྲངས་གཞི་གོ་རིམ་ལྡན་པའི་སྒོ་ནས་གསེད་བཀྲོལ་བྱས་པ་རེད།
མིག་སྔའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱིས་སློབ་གྲྭ་ཆེ་མོ་བའི་ལས་གཏོད་ཁེ་ལས་ལ་ཤུགས་རྐྱེན་ཐེབས་པར་དམིགས་ནས། ཆེད་དོན་རོགས་སྐྱོར་ལམ་སྲོལ་བཙུགས་ཏེ་རོགས་སྐྱོར་སྲིད་ཇུས་ཁག་དོན་འཁྱོལ་བྱས་པ་རེད། རྫོང་དང་ཁྲུའུ་རིམ་པ་ཡན་གྱི་ལས་བྱེད་པས“གཅིག་གཏད་གཅིག”དང“མང་པོས་གཅིག་ལ་ཕྱོགས་པ”དང་། དེ་བཞིན་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་སློབ་གྲྭ་ཆེ་མོ་བར་ས་ཁུལ་དང་ཐིང་རིམ་པའི་འགོ་ཁྲིད་ཀྱིས་ཆ་སྒྲིག་རོགས་སྐྱོར་སོགས་ཀྱི་ལས་ཞུགས་རོགས་སྐྱོར་བྱེད་ཐབས་མུ་མཐུད་ལག་ལེན་བསྟར་བ་དང་། ཆེད་དོན་རོགས་སྐྱོར་ལམ་སྲོལ་བཙུགས་ནས་སློབ་གྲྭ་ཆེ་མོ་བའི་ལས་ཞུགས་བརྟན་པོ་ཡོང་བའི་འགན་སྲུང་བྱས་པ་རེད། (རིག་རྡོར་གྱིས་བསྒྱུར། གནམ་ཕྱུག་རྒྱལ་གྱིས་ཞུས)