མང་ཚོགས་ཀྱི་བྱེད་པོ་མཐའ་འཁྱོངས་བྱས་ནས་ནང་སྐྱེས་ཀྱི་སྒུལ་ཤུགས་འཕེལ་བར་བྱེད་དགོས། དབུལ་སྒྲོལ་འགག་སྒྲོལ་བྱེད་པར། མང་ཚོགས་ཀྱི་སྒུལ་ཤུགས་ནི་རྨང་གཞི་ཡིན། ངེས་པར་དུ་མང་ཚོགས་ལ་བརྟེན་རྒྱུ་མཐའ་འཁྱོངས་ཀྱིས་མང་ཚོགས་དབུལ་པོའི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐོང་འཐེན་གང་ལེགས་བྱེད་པ་དང་། དབུལ་སྐྱོར་དང་། བློ་སྐྱོར། རིག་སྐྱོར་ཟུང་འབྲེལ་བྱེད་པ། གཞན་གྱི་རོགས་སྐྱོར་དང་མང་ཚོགས་དབུལ་པོ་རང་ངོས་ཀྱི་འབད་བརྩོན་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ། རང་སྟོབས་རང་སྤེལ་གྱིས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་བརྩོན་པའི་མང་ཚོགས་དབུལ་པོའི་འདུ་ཤེས་སྐྱེད་སྲིང་བྱེད་པ། མང་ཚོགས་དབུལ་པོའི་ཐོན་སྐྱེད་འཕེལ་རྒྱས་དང་ལས་སྒྲུབ་ཚོང་གཉེར་གྱི་རྩལ་ནུས་གསོ་སྦྱོང་བྱེད་པ། མང་ཚོགས་དབུལ་པོས་རང་ཉིད་ཀྱི་དཀའ་སྤྱད་ངལ་རྩོལ་ལ་བརྟེན་ནས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་སྒྲིག་འཛུགས་དང་། ཁྲིད་སྟོན། རྒྱབ་སྐྱོར་བཅས་བྱས་ནས། མི་དམངས་མང་ཚོགས་ཀྱི་ནང་སྐྱེས་སྒུལ་ཤུགས་ལ་བརྟེན་ནས་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་བྱེད་དགོས།
—— 《གནད་སྨིན་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་བཞུགས་མོལ་ཚོགས་འདུའི་ཐོག་གི་གསུང་བཤད》(2018ལོའི་ཟླ་2ཚེས་12ཉིན)