དབུ་ཤོག>ཆེད་སྒྲིག
  • ཏང་ཡོན་དང་ལས་བྱེད་པས་དབུལ་སྐྱོར་གྱི “མི་སྣ་གསུམ”ཧུར་ཐག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-07-03

     ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་གིས་དབུལ་སྒྲོལ་ལ་བརྟེན་ནས་ཏང་འཛུགས་སྐྱོང་ལ་དམ་འཛིན་དང་། ཏང་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱས་ཏེ་དབུལ་སྒྲོལ་ལ་སྐུལ་འདེད་གཏོང་བའི་བསམ་ཕྱོགས་གཞིར་བཟུང་། ཏང་ཡོན་དང་ལས་བྱེད་པས“མི་སྣ་གསུམ”ཡག་པོ་བྱས་ཏེ། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་མིག་དཔེ་འདོན་དགོས་པའི་སློབ་གསོ་བཏང་ནས། འདམ་གཞུང་རྫོང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་ལས་དོན་ལ་རམ་འདེགས་བྱས་པ་རེད།

    འགན་འཁྲི་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་དབུལ་སྒྲོལ་གྱི་སྣེ་ཁྲིད་པ་ཡག་པོ་བྱས་ཤིང་། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་སྤེལ་ཚུན་དུ། འདམ་གཞུང་རྫོང་གིས“རིམ་ལྔའི་ཧྲུའུ་ཅིས”དབུལ་སྐྱོར་ལ་དམ་འཛིན་བྱེད་པའི་ལས་ཀའི་བླང་བྱ་དོན་འཁྱོལ་ནན་པོ་བྱས་པ་དང་། རིམ་པ་བཞིན་དེ་མཚུངས་ཀྱི་རྩ་འཛུགས་སྒྲིག་གཞི་བཙུགས་པ་དང་འབྲེལ། ད་ཡོད་ཀྱི“ཨུ་ལྷན་གཉིས”ཚན་ཁག་གི་སྟོབས་ཤུགས་ཀྱི་རྨང་གཞིའི་ཐོག་གྲོང་ཚོ(གྲོང་ལྷན)ཁག་ཏུ“3+1”གི་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་སྟོབས་ཤུགས་དང་་གྲོང་སྡོད་ལས་དོན་རུ་ཁག གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པ་དང་། དེ་བཞིན་གྲོང་ཚོའི་ཀྲུའུ་རེན་གྱི་ལས་རོགས་སོགས་དབུལ་སྐྱོར་གྱི་སྟོབས་ཤུགས་བཀོད་སྒྲིག་བྱས་ཏེ། དབུལ་སྐྱོར་གྱི་སྟོབས་ཤུགས་དམིགས་སར་འབྱོར་བ་དང་། ལས་ཀའི་འགན་འཁྲི་དམིགས་སར་འབྱོར་བ། བྱ་ཐབས་དོན་འཁྱོལ་དམིགས་སར་འབྱོར་བ་བཅས་འགན་ལེན་བྱས་པ་རེད།

    བློ་སྐྱོར་དང་རིག་སྐྱོར་ཟུང་འབྲེལ་བྱས་ཏེ་དབུལ་སྒྲོལ་གྱི་སྒྲོག་འགྲེལ་པ་ཡག་པོ་བྱས་ཤིང་། འདམ་གཞུང་རྫོང་གིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་གཞི་རྟེན་དུ་བྱས་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་དང་ཏང་ཡོན་གྱི་ཆབ་སྲིད་སློབ་གསོ་གོ་སྐབས་སུ་བྱས་ཏེ་སྒྲོག་འགྲོལ་ཚོགས་པ་བཙུགས་ནས། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་དམངས་ཕན་སྲིད་ཇུས་དང་། ཕྱུག་འགྱུར་སྣེ་ཁྲིད་པས་རང་གི་མཐོང་ཐོས་གླེང་བའི་སྒྲོག་འགྲེལ་སློབ་གསོ། “བློ་སྐྱོར་དང་རིག་སྐྱོར”གྱི་སྒྲོག་འགྲེལ་བཅས་ཐེངས་2000ལྷག་ཙམ་བྱས་པར་ཁྱབ་ཚད་100%ཟིན་ཡོད་པ་རེད།

    སློབ་གསོ་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་དབུལ་སྒྲོལ་གྱི་མཛུབ་ཁྲིད་པ་ཡག་པོ་བྱས་ཤིང་། འདམ་གཞུང་རྫོང་ཨུད་རྩ་འཛུགས་པུས་རྫོང་དབུལ་སྐྱོར་གཞུང་ལས་ཁང་དང་མཉམ་དུ་གནད་སྨིན་དབུལ་སྒྲོལ་དང་གནད་སྨིན་དབུལ་སྐྱོར་གྱི་གསོ་སྦྱོང་འཛིན་གྲྭར་བརྟེན་ནས། དབུལ་སྐྱོར་ལས་བྱེད་པའི་རིགས་པའི་གཞུང་ལུགས་ཀྱི་བྱང་ཚད་མཐོ་རུ་དང་ཞབས་འདེགས་ཞུ་བའི་ནུས་པ་ཆེ་རུ་བཏང་ཡོད། 2019ལོར། པེ་ཅིང་གྲོང་ཁྱེར་གྱི་ཤེས་ལྡན་མི་སྣའི་རིག་སྟོབས་རོགས་སྐྱོར་རྣམ་གྲངས་ལ་བརྟེན་ནས་ཕྱུག་འགྱུར་སྣེ་ཁྲིད་པ་22པེ་ཅིང་དུ“པེ་ཅིང་གྲོང་ཁྱེར་ཏུང་ཁྲེང་ཆུས་ཀྱི་དབུལ་སྐྱོར་རོགས་ལས་དང་མཉམ་ལས་ས་ཁུལ་གྱི་ཕྱུག་འགྱུར་སྣེ་ཁྲིད་པར་རོགས་སྐྱོར་བྱེད་པའི་གསོ་སྦྱོང་འཛིན་གྲྭར”ཞུགས་སུ་བཅུག་ནས། ཕྱུག་འགྱུར་སྣེ་ཁྲིད་པའི་ཕྱོགས་བསྡུས་བྱང་ཚད་དང་རྩལ་ནུས་ཆུ་ཚད་མཐོ་རུ་ནུས་ལྡན་བཏང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།