མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་ལ་བླ་ན་མེད་པའི་ཆབ་སྲིད་ཀྱི་ཕུགས་བསམ་དང་། མཆོག་ཏུ་གྱུར་པའི་ཆབ་སྲིད་ཀྱི་བརྩོན་ཕྱོགས། དྭངས་ཤིང་གཙང་བའི་ཆབ་སྲིད་ཀྱི་གཤིས་རྒྱུད། དམ་ཞིང་ནན་པའི་ཆབ་སྲིད་ཀྱི་སྒྲིག་ལམ་བཅས་ལྡན་ཡོད། གལ་ཏེ་མར་ཁེ་སི་རིང་ལུགས་སྲིད་ཏང་གི་ཆབ་སྲིད་ཐད་ཀྱི་སྔོན་ཐོན་རང་བཞིན་ཤོར་ན་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ཞེས་པའང་གླེང་ཐབས་བྲལ་ཡོད། དེར་བརྟེན། ང་ཚོས་ཏང་གི་ཆབ་སྲིད་འཛུགས་སྐྱོང་དེ་ཏང་གི་རྩ་བའི་རང་བཞིན་འཛུགས་སྐྱོང་ལ་བརྩི་བའི་རྒྱུ་མཚན་དེ་ཡིན། ཏང་གི་ཆབ་སྲིད་འཛུགས་སྐྱོང་ནི་ཡུན་གཏན་གྱི་ཞིབ་འཇུག་བྱ་གཞི་ཞིག་ཡིན་པས། ཆབ་སྲིད་ཀྱི་ཁ་ཕྱོགས་ཁོང་དུ་ཡང་དག་ཆུད་པར་བྱེད་པ་དང་། ཏང་གིས་ཆབ་སྲིད་ལ་འགོ་ཁྲིད་བྱེད་པ་མཐའ་འཁྱོངས་བྱེད་པ། ཆབ་སྲིད་ཀྱི་གཞི་རྩ་བརྟན་དུ་གཏོང་བ། ཆབ་སྲིད་ཀྱི་ཁོར་ཡུག་ལེགས་སུ་གཏོང་བ། ཆབ་སྲིད་ཀྱི་ཉེན་ཁར་དོགས་ཟོན་བྱེད་པ། ཆབ་སྲིད་ཀྱི་རང་བཞིན་ནམ་ཡང་མི་ཉམས་པར་བྱེད་པ། ཆབ་སྲིད་ཀྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས་རང་རེའི་ཏང་རྒྱུན་ཆད་མེད་པར་འཕེལ་རྒྱས་སྟོབས་ཆེར་འགྲོ་ཆེད་དང་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་སྐྱོད་ཆེད་འགན་ལེན་གལ་ཆེན་བྱེད་དགོས།
——ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་དྲུག་པའི་ཐོག་གི་གསུང་བཤད།(2018ལོའི་ཟླ་6ཚེས་29ཉིན)