དབུ་ཤོག>ཆེད་སྒྲིག
  • ལྷུན་རྩེ་རྫོང་གིས་དབུལ་སྒྲོལ་འགག་སྒྲོལ་སྲིད་ཇུས་ཀྱི་རིགས་པའི་གཞུང་ལུགས་གསོ་སྦྱོང་གི་མཚན་སློབ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-07-01

    ཉེ་ཆར། ལྷུན་རྩེ་རྫོང་གིས་རྫོང་ཡོངས་ཀྱི་ལས་བྱེད་ལས་བཟོ་དང་། དབུལ་སྐྱོར་གྱི་ཆེད་དམིགས་ལས་བྱེད་པ། གྲོང་ཚོ(གྲོང་ལྷན)ཡི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ། གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་བཅས་སྒྲིག་འཛུགས་བྱས་ཏེ། དབུལ་སྒྲོལ་འགག་སྒྲོལ་སྲིད་ཇུས་ཀྱི་རིགས་པའི་གཞུང་ལུགས་གསོ་སྦྱོང་གི་མཚན་སློབ་འཚོགས་པ་རེད།

    གསོ་སྦྱོང་ཚོགས་འདུར། རྫོང་དེའི་དམངས་སྲིད་ཅུས་དང་། འཕྲོད་བསྟེན་བདེ་ཐང་ཨུ་ལྷན། སྨན་བཅོས་འགན་སྲུང་ཅུས། མི་སྤྱི་ཅུས། ཞིང་ལས་དངུལ་ཁང་ལྷུན་རྩེ་རྫོང་ཉིང་ལག་དངུལ་ཁང་བཅས་ཀྱི་འབྲེལ་ཡོད་ལས་དོན་མི་སྣས་སྤྱི་ཚོགས་ཀྱི་ཐ་སྐྱོང་འགན་སྲུང་དང་། འཕྲོད་བསྟེན་དབུལ་སྐྱོར། སྨན་རིན་རྩིས་ཞུ། ལས་ཞུགས་གཞན་སྒྱུར། ཞིང་འབྲོག་ཁུལ་གྱི་གྲངས་ཉུང་ཡིད་རྟོན་དངུལ་བུན་སོགས་ཀྱི་ཐད་གསལ་འགྲེལ་ཞིབ་ཚགས་བྱས་པ་རེད། གསོ་སྦྱོང་བྱས་པ་བརྒྱུད། སློབ་གཉེར་བས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་དབུལ་སྒྲོལ་འགག་སྒྲོལ་གྱི་སྲིད་ཇུས་ལ་ངོས་འཛིན་གཏིང་ཟབ་བྱུང་བ་རེད། རྒྱ་ཆེའི་སློབ་མ་ཚོས། སློབ་སྦྱོང་དང་ཟུང་འབྲེལ་གྱིས་དབུལ་སྒྲོལ་འགག་སྒྲོལ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་རབ་དང་རིམ་པ་དང་དབུལ་སྐྱོར་སྲིད་ཇུས་ཁག་ལག་ལེན་བསྟར་བའི་གཞི་འཛིན་ས་དང་ཚད་གཞི་མང་ཚོགས་ལ་གསལ་བཤད་ཞིབ་ཚགས་རྒྱག་པ་དང་། མང་ཚོགས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་སྲིད་ཇུས་ཤེས་ཚད་མཐོ་རུ་ཏན་ཏིག་གཏོང་བ། མང་ཚོགས་ཀྱི་ནང་སྐྱེས་སྒུལ་ཤུགས་འཕེལ་བར་བྱེད་པ་བཅས་ལ་བརྟེན་ནས་མང་ཚོགས་ལ་ཏང་གི་བཀའ་དྲིན་དྲན་པ་དང་། སྲོག་ཤིང་ལ་དགའ་ཞེན། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་སྤྱི་འབངས་ཡག་པོ་ཞིག་ཧུར་ཐག་བྱ་རྒྱུའི་སློབ་གསོ་གཏོང་རྒྱུ་ཡིན་ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།