དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཐད་ནས་བལྟས་ན། ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས། གཡོ་ཟོལ་རྫུན་སྒྲིག བྲེལ་འཚུབ་དང་ལས་དོན་སྒྲུབ་འདོད་མེད་པའི་བསམ་ཚུལ་བཅས་དང་། དེ་བཞིན་སྒྱིད་ལུག་དང་རུལ་སུངས་སུ་གྱུར་པའི་སྣང་ཚུལ་སྔར་བཞིན་གནས་པ་དང་། ཁག་གཅིག་ད་དུང་ཚབས་ཧ་ཅང་ལྕི་པོ་ཡོད་པས་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་ནུས་ལྡན་གཏོང་རྒྱུར་ཤུགས་རྐྱེན་བཟོ་གི་ཡོད། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ས་ཁུལ་དབུལ་པོ་དང་མང་ཚོགས་དབུལ་པོར་ཐད་ཀར་ཕྱོགས་པ་མ་ཟད། ཐད་ཀར་མི་དམངས་མང་ཚོགས་དང་འབྲེལ་བ་དམ་ཟབ་ཡོད་པས། དམར་རྗེན་དུ་ཐོན་པའི་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་དག་ནི་མང་ཚོགས་ཚོས་ཐད་ཀར་མྱོང་ཚོར་ཐུབ་པ་དང་བསམ་འཆར་མང་ཤོས་ཡིན། གནད་དོན་འདི་དག་ལ་ངས་ནན་བཤད་ཐེངས་མང་བྱེད་མྱོང་ཡོད། དེ་རིང་བསྐྱར་དུ་ནན་བཤད་བྱེད་རྒྱུ་ཡིན་པས་ཚང་མས་དོགས་ཟོན་ཆེན་པོ་བྱེད་རྒྱུའི་རེ་བ་ཡོད།
——《གནད་སྨིན་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་རྒྱག་པའི་བཞུགས་མོལ་ཚོགས་འདུའི་ཐོག་གི་གསུང་བཤད》(2018ལོའི་ཟླ་2ཚེས་12ཉིན)