དབུ་ཤོག>ཆེད་སྒྲིག
  • ​རི་བོ་ཆེ་རྫོང་བཀྲ་ཤིས་སྒང་གྲོང་ཚོའི་གྲོང་གསེབ་དར་རྒྱས་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-06-29

    བཀྲ་ཤིས་སྒང་སྣོད་བཅུད་ཐོན་ལས་རྟེན་གཞིར་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་1.05བཏང་བ་དང་རྒྱ་ཁྱོན་མུའུ་440.79ཟིན་ཡོད། སྔོན་དཔག་ལྟར་ན། ལོར་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་ཁྲི་884རག་རྒྱུ་དང་། གྲོང་མི་སྐུལ་ཁྲིད་བྱས་ནས་ཡོང་འབབ་སྒོར་ཁྲི་433རག་ནས་མི་78ཀྱི་ལས་ཞུགས་ཐག་གཅོད་ཐུབ་རྒྱུ་རེད།

    2018ལོའི་ཟླ་8པར་རི་བོ་ཆེ་རྫོང་གིས“དུད་ཚང་ལ་འབྲི་གཡག་བཅུ་རེ་སྤྲོད་པའི་འདུ་འགོད”སྒྲུབ་འགོ་བརྩམས་ནས་བཀྲ་ཤིས་སྒང་གྲོང་ཚོའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་20ཚང་མར་འབྲི་གཡག་10རག་ཡོད་པ་རེད།

    བསྟན་འཛིན་དབང་འདུས་ཀྱི་ཁྱིམ་ལ་ཉུང་མ་ཐོན་འབབ་རྒྱ་མ་ཁྲི་གཅིག་ལྷག་ཟིན་པ་དང་ཉུང་མ་བཙོངས་པ་ཁོ་ན་ནས་ཡོང་འབབ་སྒོར་8000ལྷག་ཙམ་རག་ཡོད།

    ཉེ་བའི་ལོ་ཤས་རིང་། རི་བོ་ཆེ་རྫོང་ས་མདོ་གྲོང་རྡལ་བཀྲ་ཤིས་སྒང་གྲོང་ཚོས་ས་བབ་ཀྱི་ལེགས་ཆ་ལྡན་པའི་ཐོན་ཁུངས་འདོན་སྤེལ་ཧུར་ཐག་བྱས་ཏེ་ཚོང་གཉེར་ཁོར་ཡུག་ཟམ་མི་ཆད་པར་ལེགས་སུ་བཏང་བ་དང་། ལེགས་ལྡན་སྲོལ་རྒྱུན་ཐོན་ལས་ཀྱི་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་ནས་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་། ཕྱི་ཕྱོགས་ལ་མ་འཇོག གྲོང་མིའི་རང་སྟོབས་རང་སྤེལ་བཅས་ཀྱི“གྲོང་གསེབ་དར་རྒྱས+དབུལ་སྐྱོར་ཕྱུག་འགྱུར”གྱི་བགྲོད་ལམ་གསར་པར་བསྐྱོད་པ་རེད།

    གྲོང་མི་མ་རྐང་ནང་ཞུགས་ཏེ་ཁེ་སྤོགས་རག་པ།

    དྭངས་ཤིང་གཙང་བའི་རི་ཆུ་ཇི་ལྟར་གསེར་རི་དངུལ་རིར་བསྒྱུར་དགོས་སམ་ཞེ་ན། བཀྲ་ཤིས་སྒང་གྲོང་ཚོས་དྲིས་ལན་གསལ་པོ་ཞིག་བརྒྱབ་ཡོད།

    རི་བོ་ཆེ་རྫོང་བཀྲ་ཤིས་སྒང་གྲོང་ཚོར་བཀྲ་ཤིས་སྒང་སྣོད་བཅུད་ཐོན་ལས་རྟེན་གཞི་ཞིག་ཡོད། 2019ལོར་བཀྲ་ཤིས་སྒང་གྲོང་ཚོའི་གྲོང་མི་རྣམས་ས་ཞིང་བརྒྱུད་བཤུག་གི་བྱེད་ཐབས་ལ་བརྟེན་ནས་བོད་ལྗོངས་ཁྲེན་ཤིས་འཛུགས་སྐྲུན་ཚོགས་པ་འགན་འཁྲི་ཚད་ཡོད་ཀུང་སིས་མ་དངུལ་འདོན་པའི་མ་རྐང་ནང་ཞུགས་ནས་བོད་ལྗོངས་མཉམ་གཏོད་སྣོད་བཅུད་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སི་བཙུགས་པ་རེད།

    བཀྲ་ཤིས་སྒང་སྣོད་བཅུད་ཐོན་ལས་རྟེན་གཞི་དེ་སྔོན་དཔག་ལྟར་ན་ད་ལོའི་ལོ་མཇུག་ཏུ་ལས་མཇུག་འགྲིལ་རྒྱུ་ཡིན་པ་དང་། རྟེན་གཞི་དེར་གསོལ་མགྲོན་ཁང་དང་། ཆུ་ཚན། པད་ཁའི་མེ་ཏོག་ལྟ་རོལ་སོགས་ཀྱི་རྣམ་གྲངས་ཡོད་པ་དང་། མིག་སྔར་གསར་དུ་བཟོ་བཅོས་བརྒྱབ་པའི་ཆུ་ཚན་ཁང་ཡང་གཉེར་སྐྱོང་བྱེད་འགོ་ཚུགས་པ་རེད།

    ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་གྲོང་མི་དགྲ་ལྷ་ནི་རིམ་པ་དང་པོའི་དབང་པོ་སྐྱོན་ཅན་ཡིན་པ་དང་། ཆུ་ཚན་ཁང་དུ་རིན་བསྡུའི་ལས་ཀ་བྱེད་ཀྱི་ཡོད་ལ་ཟླ་རེར་གླ་ཆ་སྒོར་3500ལེན་རྒྱུ་ཡོད་པས། དགྲ་ལྷའི་འཁོས་ཀ་ཞན་པའི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་བ་རེད།

    བཀྲ་ཤིས་སྒང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་རྡོ་རྗེ་དགྲ་འདུལ་གྱིས་ངོ་སྤྲོད་བྱས་པ་ལྟར་ན། བཀྲ་ཤིས་སྒང་སྣོད་བཅུད་ཐོན་ལས་རྟེན་གཞིར་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་1.05བཏང་བ་དང་རྒྱ་ཁྱོན་མུའུ་440.79ཟིན་ཡོད། སྔོན་དཔག་ལྟར་ན་ལོར་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་ཁྲི་884རག་རྒྱུ་དང་། གྲོང་མི་སྐུལ་ཁྲིད་བྱས་ནས་ཡོང་འབབ་སྒོར་ཁྲི་433རག་ནས་མི་78ཀྱི་ལས་ཞུགས་ཐག་གཅོད་ཐུབ་རྒྱུ་རེད།

    ཉུང་མའི་ཚོང་ལམ་ཐད་སེམས་ཁྲལ་མེད་པ།

    བཀྲ་ཤིས་སྒང་གྲོང་ཚོར་ས་ཞིང་མུའུ་རེ་ནས་ཉུང་མ་རྒྱ་མ་3000ཙམ་ཐོན་ཐུབ་པ་དང་། གྲོང་ཚོ་དེར་ས་ཞིང་མུའུ་1400ལྷག་གི་ནང་ཉུང་མ་འདེབས་ཀྱི་ཡོད། འོ་ན་ཉུང་མ་དེ་འདྲ་མང་པོ་འདེབས་དོན་གང་ཡིན་ནམ། ཉུང་མ་དེ་འདྲ་མང་པོ་གང་དུ་འཚོང་གི་ཡོད་དམ། “ཚོང་ལམ་ཐད་སེམས་ཁྲལ་རྩ་བ་ནས་བྱེད་དགོས་དོན་མེད”བཀྲ་ཤིས་སྒང་གྲོང་ཚོའི་ཉུང་མ་ཀྲ་ཚལ་བཟོ་གྲྭ་དང་ཀུན་ཕན་བོད་སྨན་བཟོ་གྲྭ་ཞེས་པའི་ཁེ་ལས་གཉིས་ཀྱིས་ཕོན་ཆེན་ཉོ་སྒྲུབ་བྱེད་ཀྱི་ཡོད་ཅིང་། ཉུང་མ་རྒྱ་མ་གང་ལ་སྒོར་ཟུར་8་སྤྲོད་ཀྱི་ཡོད་པས་ས་ཞིང་མུའུ་རེ་ནས་ཡོང་འབབ་སྒོར་2400ཙམ་རག་ཐུབ།

    བསྟན་འཛིན་དབང་འདུས་ནི་བཀྲ་ཤིས་སྒང་གྲོང་ཚོའི་ཉུང་མ་འདེབས་མཁན་དུད་ཚང་ཞིག་ཡིན། ན་ནིང་ཁོང་གི་ཁྱིམ་ལ་ཉུང་མ་ཐོན་འབབ་རྒྱ་མ་ཁྲི་གཅིག་ལྷག་ཙམ་ཟིན་པ་དང་ཉུང་མ་བཙོངས་པ་ཁོ་ནར་ཡོང་འབབ་སྒོར་8000ལྷག་ཙམ་རག་ཡོད། ཁོང་གིས་གསར་འགོད་པར་འདི་ལྟར་རྩིས་ཤིག་བརྒྱབ་པ་སྟེ། དེ་སྔོན་ནས་མུའུ་རེ་ལ་ཐོན་འབབ་རྒྱ་མ་300ཙམ་ལས་མེད་པ་དང་རྒྱ་མ་རེར་སྒོར་གཉིས་རེ་སྤྲོད་ཀྱི་ཡོད་ནའང་། ཉུང་མ་འདེབས་པའི་ཡོང་འབབ་དང་བསྡུར་ན། ཉུང་མ་འདེབས་པར་ཡོང་འབབ་ལྡབ་ཁ་ཤས་ཀྱིས་མང་བ་ཡོད།

    2018ལོར་ཉུང་མ་ཀྲ་ཚལ་བཟོ་གྲྭས་ཐོན་སྐྱེད་བྱེད་འགོ་ཚུགས་ཚུན་བཟོ་གྲྭ་དེས་ཆེད་མངགས་ཁྲུང་ཆིང་ཧྥུ་ལིན་ཀྲ་ཚལ་བཟོ་གྲྭ་ནས་ལག་རྩལ་མི་སྣ་གདན་དྲངས་ཏེ་མཛུབ་ཁྲིད་བྱས་ཤིང་། མིག་སྔར་ཐོན་སྐྱེད་བྱས་པའི་ཀྲ་ཚལ་དག་རི་བོ་ཆེ་རྫོང་གི་སློབ་གྲྭ་ཁག་གི་ཟས་ཅོག་ཐོག་ཁྱབ་པ་མ་ཟད། རི་བོ་ཆེ་རྫོང་གི་སྒོ་རྩིས་ཚོང་ཁང་ཁ་ཤས་ཀྱིས་ཀྱང་འཚོང་བཞིན་ཡོད་པ་རེད།

    ཀུན་ཕན་བོད་སྨན་བཟོ་གྲྭས་ཉོ་སྒྲུབ་བྱས་པའི་ཉུང་མར་ཞིབ་འཇུག་གསར་སྤེལ་བྱས་པ་དང་། མིག་སྔར་སྨན་སྣ་དང་འཕྲོད་སྦྱོར་ཐོན་རྫས་བཅུ་ཕྲག་ཞིབ་འཇུག་གསར་སྤེལ་བྱས་ཏེ་གསོ་རླུང་མང་གཏོང་དང་ལ་དུག་སེལ་ཐུབ་ཀྱི་ཡོད།

    འབྲི་གཡག་གསོ་ཚགས་བྱས་པས་གྲོང་མི་ཕྱུག་པོར་གྱུར།

    2018ལོའི་ཟླ་8པར་རི་བོ་ཆེ་རྫོང་གིས“དུད་ཚང་དུ་འབྲི་གཡག་བཅུ་རེ་སྤྲོད་པའི་འདུ་འགོད”སྒྲུབ་འགོ་བརྩམས་ནས་བཀྲ་ཤིས་སྒང་གྲོང་ཚོའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་20ཚང་མར་འབྲི་གཡག་10རག་ཡོད་པ་རེད།

    ལོ་རེར་འབྲི་གཡག་གསོས་ནས་བཤས་གཏོང་སྐབས། གྲོང་མིས་ཚོང་བྲིན་ཁ་རྒྱུགས་མིན་ལ་སེམས་ཁྲལ་བྱེད་དགོས་ཀྱི་མེད་པ་དང་། ཕྱོགས་གཅིག་ནས་རྫོང་ཞིང་ལས་གྲོང་གསེབ་ཅུས་ཀྱིས་བཤས་གཏོང་གི་ལས་འགན་བཀོད་སྒྲིག་བྱས་ཏེ་གྲོང་ཚོ་སོ་སོས་གྲོང་ཁྱེར་རིམ་པའི་སྣེ་འདྲེན་ཁེ་ལས་ཀྱི་བོད་ཁྱིམ་འབྲི་གཡག་མ་རྐང་ཚད་ཡོད་ཀུང་སིར་གཅིག་གྱུར་ཐོག་འཚོང་བ་དང་། ཕྱོགས་གཞན་ཞིག་ནས་གྲོང་མིས་བཤས་གཏོང་གི་ལས་འགན་གྲུབ་པ་ཕུད་འབྲི་གཡག་བཙོངས་ན། འབྲི་གཡག་རེར་ཡོང་འབབ་སྒོར་ཁྲི་1.2ནས་ཁྲི་1.4ཙམ་རག་གི་ཡོད་པ་རེད།

    “ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་ནང་སྐྱེས་སྒུལ་ཤུགས་འཕེལ་ཆེད། དུད་ཚང་རེ་རེ་ལོ་རེར་ལག་ཡོད་འབྲི་གཡག་མགོ་གྲངས་10ངེས་པར་དུ་ཡོད་དགོས་པ་དང་། བཤས་གཏོང་དུས་མཚམས་སུ་སླེབས་པའི་འབྲི་གཡག་ཁ་ཤས་བཙོངས་པའི་ཡོང་འབབ་ཀྱིས་སླར་ཡང་བེའུ་ཁ་ཤས་ཉོས་ཏེ་དབུལ་སྒྲོལ་འགག་སྒྲོལ་ལ་གཞོལ་གྱི་ཡོད”ཅེས་བཀྲ་ཤིས་སྒང་གྲོང་ཚོར་མངགས་པའི་ཧྲུའུ་ཅི་དང་པོ་ཞུང་ལེང་ཝུན་གྱིས་གསར་འགོད་པར་བརྗོད།

    འབྲི་གཡག་10རེ་སྤྲོད་པའི་ཐབས་ལམ་བརྒྱུད་རི་བོ་ཆེ་རྫོང་ཕྱུག་འགྱུར་ལམ་བུར་སྐྱོད་ཐུབ་ཡོད།

    ད་ཆར་བཀྲ་ཤིས་སྒང་གྲོང་ཚོའི་ཐོན་ལས་དར་རྒྱས་དང་། སྣོད་བཅུད་སྡོད་མལ། འཚོ་བ་འབྱོར་ཕྱུག་བཅས་བྱུང་ནས་གྲོང་ཚོ་དེ་ཉིད་རི་བོ་ཆེ་རྫོང་གི་ཉམས་དགའ་ལ་འབྱོར་ཕྱུག་ལྡན་པའི་གྲོང་ཚོར་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།