དབུ་ཤོག>ཆེད་སྒྲིག
  • གནས་སྤོས་དབུལ་སྐྱོར་བྱས་ནས་མང་ཚོགས་དབུལ་པོ་འཚོ་བ་ཡག་པོ་ཞིག་སྐྱེལ་རྒྱུ་ཡོང་བ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次旦多吉   |     སྤེལ་དུས།  2020-06-29

    ■ “ད་ཆ་ང་ཚོའི་ཁྱིམ་ལ་ལོར་ཡོང་འབབ་སྒོར་ཁྲི་10ཟིན་པ་དེ་ནི་ཏང་གི་སྲིད་ཇུས་བཟང་པོ་ལས་བྱུང་བ་དང་ང་ཚོའི་འཚོ་བ་ཉིན་རེ་ལས་མ་འདས་པར་ཡག་ཏུ་འགྲོ་བཞིན་ཡོད”ཅེས་ཆོས་མཚོས་བཤད།

    ■ 2019ལོ་བར། རང་ལྗོངས་ཀྱིས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་བཀོད་སྒྲིག་བྱ་ཡུལ(ས་ཚིགས)975འཛུགས་སྐྲུན་བྱས་ནས་རིམ་རྩིས་བྱས་ན་མི་ཁྲི་26.6གནས་སྤོས་བྱས་པ།

    ■ 2016ལོ་ནས་བཟུང་། བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་ཐད་ནོར་སྲིད་ཀྱིས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་591.24བཏང་བའི་ནང་། ཀྲུང་དབྱང་སྲིད་གཞུང་གིས་སྒོར་དུང་ཕྱུར་382.62བཏང་བ་དེས་ནོར་སྲིད་ནས་བཏང་བའི་མ་དངུལ་བསྡོམས་འབོར་གྱི་64.7%བཟུང་བ་དང་། དངུལ་རྩའི་དབུལ་སྐྱོར་གྱི་སྐྱེད་གསབ་དངུལ་བུན་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་624.74བཏང་བ། འབོར་ཉུང་ཡིད་རྟོན་དངུལ་བུན་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་71.44བཏང་བ་བཅས་རེད།

    ■ 2016ལོ་ཚུན་དུ། རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་362.24བཏང་སྟེ་དབུལ་སྐྱོར་ཐོན་ལས་རྣམ་གྲངས་261ལག་བསྟར་བྱས་པ་དང་། ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་145དང་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་རྩ་འཛུགས་ཁྲི་1ལྷག་ཙམ་སྐྱེད་སྲིང་བྱས་ནས་མི་འབོར་དབུལ་པོ་ཁྲི་23.8དབུལ་སྒྲོལ་ཐུབ་རྒྱུར་སྐུལ་ཁྲིད་བྱས་པས་ཞིང་འབྲོག་མང་ཚོགས་ཁྲི་70ལྷག་ཙམ་ལ་ཕན་པ་ཐོབ་ཡོད།

    “ལས་ཀ་དང་ཡོང་འབབ་བརྟན་པོ་དེ་འདྲ་ཡོང་བསམ་པ་སྔོན་ཆད་བསམ་བློར་ཡང་འཁོར་མྱོང་མེད” ལོ་38ལ་སླེབས་པའི་བྱམས་པ་བསྟན་འཛིན་ནི་བོད་ལྗོངས་ས་གཙང་དཀར་ཆུའི་ལས་རིགས་ཚད་ཡོད་ཀུང་སིའི་ཁ་དབྲག་འཕྲུལ་འཁོར་གཏོང་མཁན་གྱི་བཟོ་པ་ཞིག་རེད།

    ལོ་གཉིས་ལྷག་ཙམ་གོང་། བྱམས་པ་བསྟན་འཛིན་གྱི་ཁྱིམ་ལྷུན་གྲུབ་རྫོང་ནས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་གྱི་དྲིན་གསོ་སྡེ་ཁུལ་དུ་སྤོས་རྗེས། ཁྱིམ་གྱི་སྒོ་རྩ་ནས་ལས་ཞུགས་ཀྱང་ཐུབ་ཡོད།

    “ད་ཆ་ཟླ་རེར་ཡོང་འབབ་སྒོར་4000ལྷག་ཙམ་ཡོད། འཚོ་བ་ཉིན་རེ་ལས་མ་འདས་པར་ཡག་ཏུ་འགྲོ་བཞིན་འདུག”ཅེས་བྱམས་པ་བསྟན་འཛིན་གྱིས་འཛུམ་དམུལ་དམུལ་ངང་གསར་འགོད་པར་བརྗོད།

    བྱམས་པ་བསྟན་འཛིན་ལྟ་བུ་ནི་ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་དང་། ལྷག་པར་དུ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ལས་དོན་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པའི་མཚོན་ཚུལ་ཞིག་རེད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་སྲིད་ཇུས་ཀྱི་བླང་བྱ་དང་ཚད་ལྡན་གྱི་ཚད་གཞི་མཐའ་འཁྱོངས་བྱས་ནས། གནས་སྤོས་དབུལ་སྐྱོར་གྲོང་ཁྱེར་དང་གྲོང་རྡལ་དུ་གཅིག་སྡུད་དང་། ཐོན་སྐྱེད་རྒྱུ་ཆ་འབེལ་བ་དང་རྨང་གཞིའི་སྒྲིག་བཀོད་བལྟོས་བཅས་ཀྱིས་འཐུས་སྒོ་ཚང་བའི་ས་ཁུལ་དུ་གཅིག་སྡུད་བྱེད་པའི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ། མང་ཚོགས་ཚོའི་འདོད་བློར་བརྩི་འཇོག་གང་ལེགས་བྱེད་པའི་རྨང་གཞིའི་ཐོག་རང་བྱུང་གི་ཆ་རྐྱེན་ཞན་པ་དང་། འཚོ་གནས་ཀྱི་ཁོར་ཡུག་ཞན་པ། “ཡུལ་ཕྱོགས་གཅིག་གི་ས་ཆུས་ཡུལ་ཕྱོཌ་དེ་གའི་མི་གསོ་མི་ཐུབ་པ”བཅས་ཀྱི་ས་ཁུལ་དུ་འཚོ་བ་སྐྱེལ་མཁན་ཡིག་ཚཌ་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱས་ཡོད།        

    ཁང་པ་གོག་ཧྲུལ་ནས་སྤོས་ཏེ་འཚོ་བ་གསར་པ་སྐྱེལ་འགོ་ཚུགས་པ།

    ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱེད་པ་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་བྱེད་ཐབས་གལ་ཆེན་ཞིག་རེད་ལ། མང་ཚོགས་དབུལ་པོ་བདེ་སྡོད་ལས་བརྩོན་ཡོང་བའི་བྱ་ཐབས་ནུས་ལྡན་ཞིག་ཀྱང་རེད།

    ལྷ་སའི་རང་ལྗོངས་ཀྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་དང་པོ་དེ་ཡིན་པའི་རྟ་དཀར་ཤང་གསུམ་ལྡན་གྲོང་ཚོའི་ངོས་ནས་བརྗོད་ན། 2018ལོར་གྲོང་མི་མི་རེར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་7000ཟིན་གྱི་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། གསུམ་ལྡན་གྲོང་ཚོས་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པ། གྲོང་མིར་འབབ་འཕར་གཏོད་པ་སོགས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་དུད་ཚང་དབུལ་པོ་ཚང་མ་དབུལ་སྒྲོལ་བརྟན་པོ་ཐུབ་ཡོད།

    ལྷོ་ཁར་2018ལོར་མཚོ་སྨད་རྫོང་སྒོ་བསྡུས་ཤང་བཀྲ་ཤིས་གསུམ་མདོ་གྲོང་ཚོ་ནུབ་སྨད་ཚོགས་ཆུང་ནས་ཁྱུང་དཀར་སྡིངས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་དུ་སྤོས་པའི་བསྟན་འཛིན་ནོར་སྒྲོན་གྱི་ནང་མི་རྣམས་རྒྱ་ཆེ་ལ་དཀར་ཆ་དོད་པའི་ཁང་པར་སྡོད་རྒྱུ་བྱུང་བ་མ་ཟད། ཁོང་རང་ཉིད་ལ་ཉེ་འགྲམ་དུ་གླ་པ་བྱས་ནས་ཡོང་འབབ་གསོག་རྒྱུའང་བྱུང་ཡོད། བསྟན་འཛིན་ནོར་སྒྲོན་གྱིས་བརྗོད་པ་ལྟར་ན། “འབྱོར་འབྲིང་ཕྱོགས་སུ་སྐྱོད་པར་རེ་བ་ཆེན་པོ་ཡོད”

    ནག་ཆུར་འབྲི་རུ་རྫོང་ཤག་ཆུ་གྲོང་རྡལ་གྱི་གྲོང་ཚོ་9པའི་གྲོང་མི་ཆོས་མཚོའི་ནང་མི་བཞི་པོ་ལོ་གཉིས་ཀྱི་གོང་དུ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བརྒྱུད་རྫོང་གྲོང་གི་ལྷོ་ངོས་ཁུལ་གསར་དུ་ཡོད་པའི་ཁང་པ་གསར་པར་སྤོས་པས། ལས་ཀ་གསར་པ་ཡོད་ལ་ཡོང་འབབ་ཀྱང་བརྟན་པོ་ཡོད། “ད་ཆ་ང་ཚོའི་ཁྱིམ་ལ་ལོར་ཡོང་འབབ་སྒོར་ཁྲི་10ཟིན་པ་དེ་ནི་ཏང་གི་སྲིད་ཇུས་བཟང་པོ་ལས་བྱུང་བ་དང་ང་ཚོའི་འཚོ་བ་ཉིན་རེ་ལས་མ་འདས་པར་ཡག་ཏུ་འགྲོ་བཞིན་ཡོད”ཅེས་ཆོས་མཚོས་གད་མོ་དགོད་བཞིན་གསར་འགོད་པར་བརྗོད།

    མངའ་རིས་སུ“གནས་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ཡོང་འབབ་ཡོད་པ། ཕྱུག་པོ་ཆགས་ཐུབ་པ”བཅས་ཀྱི་སྤྱིའི་བསམ་ཕྱོགས་གཞིར་བཟུང་། མངའ་རིས་ས་ཁུལ་གྱིས་སེང་གེ་ཁ་འབབ་གྲོང་རྡལ་དུ་བདེ་སྐྱིད་ཁང་གསར་གྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་ཁུལ་ཆུང་འཆར་འགོད་བྱས་ནས་འཛུགས་སྐྲུན་བྱས་པ་དང་། ཁུལ་ཆུང་ཧྲིལ་པོར་གཅིག་གྱུར་འཆར་འགོད་དང་སྒོ་ར་རང་སྒྲིག་གི་ཁང་པ་714བསྐྲུན་པ་དང་། ནུས་པ་ཚང་བའི་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ཡུལ་དང་། བུ་བཅོལ་ཁང་། ཚོང་ཁང་སོགས་སྒྲིག་བཀོད་སྒྲིག་སྦྱོར་བྱས་ཡོད། ད་ཆ་རྫོང་7ནས་ཡོང་བའི་མང་ཚོགས་དབུལ་པོ་ཁང་པ་གསར་པར་སྤོས་ཡོད།

    ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱེད་པ་ནི་དབུལ་པོའི་རྩ་བ་དྲུངས་ནས་འབྱིན་པ་དང་། ཁང་པ་གོག་ཧྲུལ་ནས་སྤོ་བ། བདེ་སྐྱིད་ལྡན་པའི་ཁང་པར་སྤོ་བ་བཅས་ཀྱི་བྱ་ཐབས་གསར་པ་ཞིག་རེད། 2019ལོ་བར་རང་ལྗོངས་ཀྱིས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་བཀོད་སྒྲིག་བྱ་ཡུལ(ས་ཚིགས)975བསྐྲུན་ནས་རིམ་རྩིས་བྱས་ན་མི་ཁྲི་26.6གནས་སྤོས་བྱས་ཡོད།

    ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཀྱིས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་གཞི་རྩའི་མཛད་ཇུས་ལག་བསྟར་གཏིང་ཟབ་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་དེ་དོན་ཆེན་ཨང་དང་པོ་དང་དམངས་འཚོའི་འདུ་འགོད་ཨང་དང་པོར་བརྩིས་ཏེ། དབུལ་སྒྲོལ་འགག་སྒྲོལ་གྱི་ཕྱོགས་བསྡུས་འཆར་འགོད་དང་། ཆེད་དམིགས་འཆར་འགོད། སྲིད་ཇུས་བྱེད་ཐབས་བཅས་བཟོས་ནས་བཏོན་པས། ཐོན་ལས་འཕེལ་རྒྱས་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། མ་དངུལ་གཏོང་བ་སོགས་ཀྱི་རིམ་པ་མང་བ་དང་། ཕྱོགས་ཡོངས། ཁྱབ་ཁོངས་ཁག་བཅས་ཀྱི“1+N”ཡི་དབུལ་སྒྲོལ་འགག་སྒྲོལ་གྱི་སྲིད་ཇུས་མ་ལག་ཅིག་ཆགས་པ་དང་། ཆེད་དོན་དབུལ་སྐྱོར་དང་། ལས་རིགས་དབུལ་སྐྱོར། སྤྱི་ཚོགས་དབུལ་སྐྱོར། དངུལ་རྩའི་དབུལ་སྐྱོར། བོད་སྐྱོར་དབུལ་སྐྱོར་བཅས“ཕྱོགས་ལྔ་གཞི་གཅིག”གི་དབུལ་སྐྱོར་ཆེན་པོའི་བཀོད་པ་ཞིག་གྲུབ་ཡོད།

    དབུལ་སྒྲོལ་འགག་སྒྲོལ་གྱི་མ་དངུལ་འགན་ལེན་བྱ་ཆེད། 2016ལོ་ནས་བཟུང་། བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་ཐད་རིམ་རྩིས་བྱས་ན་ནོར་སྲིད་ཀྱིས་མ་དངུལ་སྒོར་དུང་ཕྱུར་591.24བཏང་བ་དེའི་ནང་ཀྲུང་དབྱང་ནོར་སྲིད་ཀྱིས་སྒོར་དུང་ཕྱུར་382.62བཏང་བ་དེས་ནོར་སྲིད་མ་དངུལ་བསྡོམས་འབོར་གྱི་64.7%བཟུང་བ་དང་། རིམ་རྩིས་བྱས་ན་དངུལ་རྩའི་དབུལ་སྐྱོར་གྱི་སྐྱེད་གསབ་དངུལ་བུན་སྒོར་དུང་ཕྱུར་624.74ཟིན་པ་དང་། རིམ་རྩིས་བྱས་ན་འབོར་ཉུང་ཡིད་རྟོན་དངུལ་བུན་སྒོར་དུང་ཕྱུར་71.44བཏང་བ་རེད།

    སྤྱི་པའི་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་བཏང་བས་མང་ཚོགས་ཀྱི་ཐོབ་ཚོར་ཟབ་ཏུ་སོང་བ།

    མང་ཚོགས་ཚོར་བྱིས་པར་སྐྱོང་མཁན་ཡོད་པ་དང་། སྦྱོང་དུས་སློབ་མཁན་ཡོད་པ། ན་དུས་སྨན་བཅོས་ཐུབ་པ། རྒས་དུས་འཚོ་རྟེན་ཡོད་པ། སྡོད་སའི་ཁང་པ་ཡོད་པ་བཅས་ལོངས་སྤྱོད་ཏན་ཏིག་ཐུབ་པ་ཇི་ལྟར་བྱེད་དགོས་སམ།

    སྤྱི་པའི་ཞབས་ཞུའི་མ་ལག་ཏན་ཏིག་བསྐྲུན་པ་དང་འཐུས་སྒོ་ཚང་དུ་བཏང་ཚེ་གཞི་ནས་གནས་སྤོས་མང་ཚོགས་ཚོ་བློ་བདེ་པོས་གནས་སྤོ་དང་། སེམས་སྐྱིད་པོས་འཚོ་སྡོད། ཡུན་རིང་བདེ་འཁོད་བཅས་ཡོང་ཐུབ།

    དོན་དངོས་ལས་ཀའི་ཁྲོད་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་བསམ་བློ་མཐའ་འཁྱོངས་བྱས་ཏེ་གནད་དོན་ལ་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། དཀའ་གནད་ཧུར་ཐག་སེལ་བ། ལས་དོན་ཏན་ཏིག་སྒྲུབ་པ་བཅས་བྱས་ནས་གནས་སྤོས་མང་ཚོགས་ཀྱི་སེམས་ཁྲལ་སེལ་རོགས་དང་། སློབ་ཞུགས་དང་། སྨན་བཅོས། སྤྱི་ཚོགས་འགན་སྲུང་སོགས་ཐད་ཀྱི་ལས་དོན་རྒྱུན་མཐུད་ངང་ཡག་པོ་བསྒྲུབས་ནས་གནས་སྤོས་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ཡོད།

    ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་གི་འཆར་འགོད་ཆུང་བའི་འཛུགས་སྐྲུན་ནང་ཆུ་དང་། གློག ལམ། འཕྲིན་གཏོང་། དྲ་བ། བཙོག་ཆུ་གཙང་གསིང་། གད་སྙིགས་གཙང་སེལ་སོགས་ལེ་ལག་ཚང་བའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱས་ཡོད་ལ། སློབ་གསོ་དང་། འཕྲོད་བསྟེན། རིག་གནས། ལུས་རྩལ་སོགས་སྤྱི་པའི་ཞབས་ཞུའི་སྒྲིག་ཆས་དང་། དེ་བཞིན་ཚོང་ལས་དྲ་ཚིགས་དང་། དམངས་ཕན་སྒོ་རྩིས་ཚོང་ཁང་། ཚོང་འདུས་ཁྲོམ་ར་སོགས་འཚོ་བའི་ཞབས་ཞུའི་སྒྲིག་ཆས་ཀྱང་འཐུས་སྒོ་ཚང་དུ་བཏང་ཡོད།

    2019ལོར་བོད་ཀྱིས་བདེ་འཇགས་འཐུང་ཆུ་སྲ་བརྟན་མཐོར་གཏོང་འདུ་འགོད་ལག་བསྟར་ཤུགས་ཆེན་བྱས་པས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་7185ཡི་མི་འབོར་དབུལ་པོ་3.23གྱི་འཐུང་ཆུའི་བདེ་འཇགས་ཀྱི་གནད་དོན་ཐག་གཅོད་བྱས་ཡོད།

    2019ལོར་རང་ལྗོངས་ཀྱི་སྨན་བཅོས་འགན་སྲུང་ཆུ་ཚད་རིམ་བཞིན་མཐོ་རུ་སོང་སྟེ་མི་འབོར་དབུལ་པོའི་གཞི་རྩའི་སྨན་བཅོས་དང་། ནད་ཆེན་འགན་བཅོལ། སྨན་བཅོས་རོགས་སྐྱོབ་བཅས་ཀྱི་སྤྱི་ཡོངས་ལ་ཁྱབ་ཡོད།

    2019ལོར་རང་ལྗོངས་ཀྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་ལེ་ལག་ཚང་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་སོང་སྟེ་ཞིང་འབྲོག་དུད་ཚང་ཁྲི་11.8ཀྱི་རླུང་འཕྲིན་བརྙན་འཕྲིན“གྲོང་ཚོ་ཀུན་ཁྱབ”འདུ་འགོད་ཕྱོགས་ཡོངས་ནས་ལེགས་སྒྲུབ་ཟིན་ཡོད།

    སྟོད་ལུང་བདེ་ཆེན་ཆུས་ཀྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་འཆམ་མཐུན་སྡེ་ཁུལ་གྱི་བགྲེས་སོང་བཀྲ་འཛིན་གནས་སྤོས་བྱས་པ་ནས་བཟུང་ཉིན་ལྟར་ཁོམ་པ་ཡོད་དུས་རང་ཉིད་ཀྱི་བཟའ་ཟླ་དང་མཉམ་དུ་ཐང་ཆེན་དུ་ཉི་མ་སྲོ་བ་དང་ཅི་འཕྲོས་མོལ་འཕྲོས་བཤད་ནས་སྡོད་ཀྱི་ཡོད་ལ། སྐབས་རེ་ལུས་པོར་སྦྱོང་བརྡར་ཡང་བྱེད་ཀྱི་ཡོད། ཁོང་གིས“སྔོན་ཆད་དང་བསྡུར་ཚེ་ང་ཚོ་ད་ལྟ་ཆུ་དང་གློག་ཚང་མ་ཡོད་པའི་ཁང་པ་གསར་པར་སྤོས་པ་མ་ཟད་སྟབས་བདེ་ལ་སྐྱིད་སྣང་དོད་པོ་འདུག་པས་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བརྗོད།

    ཐོན་ལས་གནད་སྨིན་དབུལ་སྐྱོར་བྱས་ནས་མང་ཚོགས་ཚོར་ཡོང་འབབ་གཏོད་རོགས་བྱས་པ།

    ཉེ་བའི་ལོ་ཤས་ཚུན་དུ། རང་ལྗོངས་ཀྱིས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་གཞི་རྩའི་མཛད་ཇུས་མཐའ་འཁྱོངས་བྱས་ཏེ་རང་ངོས་ཐོན་ཁུངས་ཀྱི་རང་སྤུས་དང་། ཐོན་ལས་ཀྱི་རྨང་གཞི་ཁྲོམ་རའི་དགོས་མཁོ་བཅས་ལ་གཞི་ཚུགས་ནས། མྱུར་འགྲུབ་དབུལ་སྐྱོར་རྣམ་གྲངས་དང་དབུལ་སྒྲོལ་ཡུན་རིང་བརྟན་པའི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་ཟུང་འབྲེལ་མཐའ་འཁྱོངས་དང། དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་དབུལ་པོ་ངོ་མ་དབུལ་སྒྲོལ་དང་དངོས་འབྲེལ་དབུལ་སྒྲོལ་ཐུབ་པའི་འགན་ལེན་བྱས་ཡོད།

    2016ལོའི་ཚུན་དུ་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་362.24བཏང་སྟེ་དབུལ་སྐྱོར་ཐོན་ལས་རྣམ་གྲངས་261ལག་བསྟར་བྱས་པ་དང་། ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་145དང་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་རྩ་འཛུགས་ཁྲི་1ལྷག་ཙམ་སྐྱེད་སྲིང་བྱས་ནས་མི་འབོར་དབུལ་པོ་ཁྲི་23.8དབུལ་སྒྲོལ་ཐུབ་རྒྱུར་སྐུལ་ཁྲིད་བྱས་པས་ཞིང་འབྲོག་མང་ཚོགས་ཁྲི་70ལྷག་ཙམ་ལ་ཕན་པ་ཐོབ་ཡོད།

    “ཁེ་ལས་རྟེན་གཞི་+མཉམ་ལས་ཁང་+དུད་ཚང་དབུལ་པོ”སོགས་དབུལ་པོར་སྣེ་ཁྲིད་དང་དབུལ་པོར་ཕན་པ་འདོགས་པའི་བྱེད་ཐབས་འཚོལ་ཞིབ་བྱས་ཏེ་ཁྱབ་གདལ་བཏང་ནས་རྣམ་པ་སྣ་ཚོགས་ཀྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་འཕེལ་རྒྱས་བཏང་བ་དང་། མང་ཚོགས་ཚོས་ཐོན་སྐྱེད་རྒྱུ་ཆ་མ་རྐང་ནང་ཞུགས་པ་དང་བོགས་མར་གཏོང་བ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་གཉེར་སྐྱོང་བྱེད་པོ་གསར་པར་བརྒྱུད་བཤུག་གཏོང་རྒྱུར་རྒྱབ་སྐྱོར་དང་སྐུལ་སློང་བྱས་པས་ཐོན་ཁུངས་རྒྱུ་ནོར་ལ་འགྱུར་བ་དང་། མ་དངུལ་མ་རྐང་ལ་འགྱུར་བ། ཞིང་པ་རྐང་མིར་འགྱུར་བ་བཅས་བྱུང་ནས་མང་ཚོགས་དབུལ་པོར་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་ཐུབ་ཡོད།

    ད་ཆ་ཐོན་ལས་གནད་སྨིན་དབུལ་སྐྱོར་དེ་བོད་ཀྱི་མི་འབོར་དབུལ་པོ་དབུལ་སྒྲོལ་བརྟན་པོ་ཡོང་བ་དང་རྒྱུན་མཐུད་འབབ་འཕར་ཡོང་བའི་བྱེད་ཐབས་ནུས་ལྡན་ཞིག་ཏུ་གྱུར་ཡོད།

    གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་ཤེལ་དཀར་གྲོང་རྡལ་ཞིང་ཕན་ཡུལ་སྐོར་ཐོན་རྫས་བྲིན་ཚོང་ཞིང་པའི་ཆེད་ལས་མཉམ་ལས་ཁང་དུ་གནས་སྤོས་དུད་ཚང་ནས་ཡིན་པའི་རྡོ་རྗེ་རྒྱལ་མཚན་གནས་དེའི་ལག་རྩལ་དགེ་རྒན་ཞིག་ལ་གྱུར་ནས་ཉིན་ལྟར་གྲོང་མི་ཚོར་ལག་རྩལ་སློབ་ཀྱི་ཡོད།

    མཉམ་ལས་ཁང་དེས་ཡུལ་གཞན་ནས་གནས་སྤོས་དབུལ་སྐྱོར་གཅིག་སྡུད་ཁུལ་ཡིན་པའི་དར་རྒྱས་ཁུལ་ཆུང་གི་མང་ཚོགས་ལ་ལས་ཞུགས་ལས་གནས་80མཁོ་འདོན་བྱས་པར་ཟླ་རེར་ལས་རིགས་མི་འདྲ་བར་བརྟེན་ནས་གླ་ཆ་སྒོར་3000ནས་4500བར་ལེན་རྒྱུ་བྱུང་ཡོད།

    རྡོ་རྗེ་རྒྱལ་མཚན་གྱིས“མཉམ་ལས་ཁང་གི་གཞི་ཁྱོན་ཇེ་ཆེར་དང་། གྲོང་མི་ཚོའི་ཡོང་འབབ་ཇེ་མང་། གྲོང་མི་ཚོའི་འཚོ་བ་ཇེ་ཡག་བཅས་སུ་འགྲོ་རྒྱུར་ཡིད་ཆེས་ཀྱིས་ཁེངས་སོང”ཞེས་བརྗོད། 

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།