དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་དེ་ཏན་ཏན་ཏིག་ཏིག་ངང་སྒྲུབ་དགོས་པ་དང་ལས་དོན་མཐའ་དག་མང་ཚོགས་དབུལ་པོའི་དཀའ་གནད་དངོས་ཐག་གཅོད་བྱེད་པའི་ཐོག་དོན་འཁྱོལ་བྱས་ཏེ་ཕྱི་ཚུལ་རིང་ལུགས་གཏན་འགོག་གིས་འདྲ་ཆགས་པོ་གཏན་ནས་བྱེད་མི་རུང་བ་དང་། གུས་སྲོལ་ཉག་ཉོག་བཟོ་མི་རུང་བ། ཕྱི་ཚུལ་ཙམ་བྱེད་མི་རུང་བ་བཅས་ལ་ངས་ནན་བཤད་ཐེངས་མང་བྱས་པ་ཡིན། དུས་མཚམས་ཤིག་རིང་གི་དཔྱད་གཞིའི་ཡིག་ཆ་ཁ་ཤས་ལས་མངོན་དོན། ས་གནས་ཁ་ཤས་ཀྱིས་དབུལ་པོ་གནད་སྨིན་དབྱེ་འབྱེད་དང་གནད་སྨིན་དབུལ་སྐྱོར་གྱི་ཆེད་དུ་གཞི་རིམ་གྱི་ལས་བྱེད་པ་རེའུ་མིག་མང་པོ་འབྲི་རུ་བཅུག་ཡོད། གཞི་རིམ་གྱི་ལས་བྱེད་པ་རྣམས་རེའུ་མིག་སྣ་ཚོགས་འབྲི་བར་བྲེལ་ཏེ། ལས་དུས་འཕར་མ་བྱེད་དགོས་འཁེལ་ནས་ཐ་ན་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་བརྟག་ཞིབ་དང་དོན་དངོས་སྒྲུབ་པའི་དུས་ཚོད་ཀྱང་མེད། ད་དུང་རེའུ་མིག་ཁ་ཤས་ནི་མང་ཚོགས་དབུལ་པོ་རང་ཉིད་ཀྱིས་འབྲི་དགོས་མོད། འོན་ཀྱང་རེའུ་མིག་གི་ཇུས་འགོད་རྙོག་འཛིང་ཆེ་དྲགས་པ་དང་། འབྲི་བྱའི་ནང་དོན་མང་དྲགས་པ་མ་ཟད། ཐ་སྙད་ཀྱང་ཧ་ཅང་མང་པོ་ཡོད་པས་ཞིང་པས་ཀྱང་གསལ་པོ་ཤེས་ཀྱི་མེད། གནད་དོན་དེ་རིགས་ཡོ་བསྲང་བྱ་རྒྱུར་དོ་སྣང་བྱེད་དགོས་པ་དང་། དབུལ་པོ་གནད་སྨིན་དབྱེ་འབྱེད་དང་གནད་སྨིན་དབུལ་སྐྱོར་མཐའ་འཁྱོངས་བྱེད་དགོས་མོད། འོན་ཀྱང་ཚན་རིག་དང་མཐུན་པ་དང་། བྱེད་ཐབས་ལ་དོ་སྣང་། ལས་ཆོད་ལ་དོ་སྣང་བཅས་བྱས་ཏེ་ཕྱོགས་གང་ཅིའི་ཐད་ཀྱི་ཆ་འཕྲིན་གཅིག་སྡུད་ཀྱིས་ཆ་འཕྲིན་མཛོད་བཙུགས་ནས་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་ཐུབ་པ་བྱེད་དགོས།
——《ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་བཞུགས་མོལ་ཚོགས་འདུའི་ཐོག་གི་གསུང་བཤད》(2017ལོའི་ཟླ་6ཚེས་23ཉིན)མི་དམངས་དཔེ་སྐྲུན་ཁང་གི་དེབ་རྐྱང་མ། ཤོག་ངོས་19པ།