དབུ་ཤོག>ཆེད་སྒྲིག
  • དིང་རི་རྫོང་གོང་མེ་གྲོང་ཚོས་ཁ་དན་ཚིག་གནས་ཀྱིས་གྲོང་གསེབ་དར་རྒྱས་ཡོང་བར་གཞོལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-06-21

    ད་ལོ་ནས་བཟུང་། གོང་མེ་གྲོང་ཚོས་གྲོང་སྲོལ་དམངས་ཆིངས་འཐུས་སྒོ་ཚང་དུ་གཏོང་བ་དང་དོན་འཁྱོལ་བྱེད་པ་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། ཡ་རབས་ཀྱི་ཡུལ་སྲོལ་སྐྱོང་བ། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལ་མུ་མཐུད་སྐུལ་འདེད་གཏོང་བ་བཅས་ཀྱི་ཚད་བརྒལ་བྱེད་སར་བརྩིས་ནས་སྒྲིག་ལམ་བཟོ་བ་དང་། སྲོལ་བཟང་འཛུགས་པ། སྤྱོད་བཟང་གཏོད་པ། རང་སྐྱོང་ལ་སྐུལ་སྤེལ་བྱེད་པ། ཁྲིམས་སྐྱོང་མངོན་པ། ངན་སྤྱོད་སྤྱོད་སྐྱོང་བཅས་བྱས་པར་བརྟེན། གཞི་རིམ་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ཀྱི་བྱ་སྤྱོད་ཇུས་གཞི་དང་། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་ཟབ་གཏོང་གི་ཐབས་ལམ། གྲོང་མིའི་མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་ཀྱི་འཕེལ་རྒྱས་ཀྱི་འཆར་འགོད་ཅིག་བཅས་ཆགས་པ་རེད།

    སྒྲིག་སྲོལ་ལམ་ལུགས་བཟོས་ནས་མང་ཚོགས་དང་འབྲེལ་འདྲིས་བྱས་པ། 

    གྲོང་གསེབ་བཅོས་སྐྱོང་བྱས་ན། མི་སེར་བདེ་བ་དང་རྒྱལ་ཁབ་བརྟན་ལྷིང་ཡོང་ཐུབ། གྲོང་གསེབ་བཅོས་སྐྱོང་ནི་རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། བཅོས་སྐྱོང་ནུས་ལྡན་ནི་གྲོང་གསེབ་དར་རྒྱས་ཡོང་བའི་འགན་སྲུང་གལ་ཆེན་ཞིག་ཡིན།

    “གྲོང་སྲོལ་དམངས་ཆིངས་ལ་བརྟེན་ན་གྲོང་གསེབ‘བཅོས་སྐྱོང་ཆེན་པོ’བྱེད་ཐུབ་པས་རང་སྐྱོང་དང་། ཁྲིམས་སྐྱོང་། སྤྱོད་སྐྱོང་བཅས་ཀྱི་མཉམ་འདྲེས་ལམ་སྲོལ་ཆགས་པར་བྱས་ཏེ་མཉམ་སྐྲུན་དང་། མཉམ་བཅོས། མཉམ་སྤྱོད་བཅས་ཀྱི་རྣམ་པ་ཞིག་བཏོད་པ་དང་། སྤྱི་ཡོངས་མཐུན་སྦྱོར་གྱི‘གྲོང་གསེབ་ཀྱི་ལམ་ལུགས་ཡག་པོའི’སྒྲོམ་གཞི་ཆགས་པར་བྱས་ཁར ‘ལམ་ལུགས་ཡག་པོ’ནས‘བཅོས་སྐྱོང་ཡག་པོར’གྱུར་ཏེ་གྲོང་གསེབ་ཀྱི་སྤྱི་ཚོགས་བརྟན་ལྷིང་གོ་རིམ་ལྡན་པ་དང་མི་དམངས་བདེ་སྡོད་ལས་བརྩོན་ཡོང་བ་འགན་ལེན་བྱེད་ཐུབ”ཅེས་གོང་མེ་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་ལས་དོན་རུ་ཁག་གི་རུ་དཔོན་དང་གྲོང་ཚོའི་ཧྲུའུ་ཅི་དང་པོ་གཅིག་ལྕོགས་ཡིན་པའི་དབྱི་ཁྲོན་ཆིས་གསར་འགོད་པར་བཤད་བྱུང་།

    འོན་ཀྱང་། གོང་མེ་གྲོང་ཚོའི‘སྣང་ཆེན་བཞི་དང་དགའ་ཞེན་བཞིའི’སྒྲོག་འགྲེལ་ཚོགས་འདུའི་ཐོག་དབྱི་ཁྲོན་ཆིས་རང་ཉིད་ཀྱི་བསམ་ཚུལ་ཤོད་སྐབས་མོས་མཐུན་དེ་ཙམ་བྱུང་མེད། ཚང་མས་གཅིག་རྗེས་གཉིས་མཐུད་ངང“གྲོང་སྲོལ་དམངས་ཆིངས་ནི་དེ་སྔ་ནས་ཡོད། ད་ཆ་སླར་ཡང་བཟོ་བཅོས་བརྒྱབ་ནས་ལག་བསྟར་བྱས་ན་དཀའ་ལས་ཆེ་བ་ལས་དགོས་པ་ཡང་དེ་ཙམ་མེད”“ད་ཆ་ཚང་མ་ཐོན་ལས་གོང་འཕེལ་གཏོང་བ་དང་ལས་ཞུགས་གཞན་སྒྱུར་ལ་གཞོལ་བཞིན་ཡོད་པས། སྙིང་པོ་མེད་པའི་ལས་ཀ་འདི་དག་བྱེད་ཁོམ་ག་ལ་ཡོད”ཅེས་བརྗོད།

    གྲོང་མི་ཚོའི་བསམ་འཆར་དེ་ལྟར་བཏོན་ཡང་དབྱི་ཁྲོན་ཆིའི་སེམས་ཤུགས་ཉམས་མེད།

    “ད་ཆ་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ཕུ་ཐག་གཅོད་པའི་འགག་རྩའི་དུས་མཚམས་ཡིན་པས། ང་ཚོས་ལྟོ་གོས་ལ་སྣང་ཆེན་བྱེད་དགོས་ལ་དེ་བས་ཀྱང་བསམ་བློར་སྣང་ཆེན་བྱེད་དགོས། ལམ་ལུགས་འཛུགས་སྐྱོང་ལ་བརྟེན་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང‘སྣང་ཆེན་བཞི་དང་དགའ་ཞེན་བཞིའི’རྩ་བ་ཚུགས་ཏེ་མྱུ་གུ་འབུས་པ་དང་ལོ་འདབ་རྒྱས་ཤིང་འབྲས་བུ་སྨིན་པར་བྱས་ནས་གྲོང་མི་རྣམས་ཀྱི་བསམ་པའི་འཚོ་བཅུད་དང་། བསམ་བློའི་བརྟེན་ས། བླང་དོར་གྱི་ཚད་གཞི། སྤྱོད་ལམ་གྱི་ཚད་གཞི་བཅས་སུ་འགྱུར་བ་བྱེད་དགོས”ཞེས་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚོགས་འདུ་དང་ཀྲི་པུའུ་ཏང་ཡོན་གྱི་ཚོགས་ཆེན་ཐོག་དབྱི་ཁྲོན་ཆིས་གྲོས་འགོ་འདི་བཏོན་ཁར“སློབ་སྦྱོང་ཆེན་པོ”དང“གྲོས་བསྡུར་ཆེན་པོ”རབ་དང་རིམ་པ་བྱས་ཏེ“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་གང་ལེགས་བཏང་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མི་སེམས་ལ་གཏིང་ཟབ་ཟུག་པར་བྱས་པ་རེད།

    སློབ་སྦྱོང་གཏིང་ཟབ་དང་ཤེས་རྟོགས་ཞིབ་ཕྲ་བྱས་ཏེ་ཐོག་མའི་བསམ་འདུན་བརྟན་སྲུང་བྱེད་པ་དང་། ཤེས་སྦྱོར་གཅིག་མཐུན་གྱིས་འགན་འཁྲི་ཁུར་བས་མཐར་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་ཏང་ཡོན་ཚོའི་བསམ་འཆར་གཅིག་མཐུན་བྱུང་ཡོད།

    “མང་ཚོགས་ཀྱི་ཁྲོད་ནས་ཡོང་བ་དང་། མང་ཚོགས་ཀྱི་ཁྲོད་དུ་སྐྱོད”གྲོང་སྲོལ་དམངས་ཆིངས་བཟོ་བཅོས་རྒྱག་འགོ་ཚུགས་མ་ཐག་གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་རྩ་དོན་དེ་གཏན་འཁེལ་བྱས་ཡོད། “གྲོང་སྲོལ་དམངས་ཆིངས་ནི་གྲོང་གསེབ་ཀྱི་སྤྱི་ཚོགས་ལ་གཞི་ཚུགས་པ་ཞིག་ཡིན་པས་གཞི་རིམ་མང་ཚོགས་ཀྱི་ཐུན་མོང་ཀུན་སྤྱོད་དང་། བརྩེ་དུང་། བསམ་པ། རིན་ཐང་ལྟ་ཚུལ་བཅས་མཚོན་གྱི་ཡོད། དེའི་ལུགས་མཐུན་རང་བཞིན་གྱི་རྨང་གཞི་ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་གྲོང་མི་དམངས་གཙོའི་ངང་ཞུགས་པ་ལས་བྱུང་བ་ཡིན”ཞེས་དབྱི་ཁྲོན་ཆིས་བརྗོད་ཅིང་། ཁོང་གིས། ཞིང་འབྲོག་ཁུལ་གྱི་དོན་དངོས་དང་ཉེ་བཅར་གྱིས་ས་གནས་དེའི་ཡུལ་སྲོལ་གོམས་གཤིས་ལ་གཞིགས་ཏེ་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ་དང་། གྲོང་མི་ཡོངས་ཀྱི་བསམ་འདུན་ངོ་མ་གང་ལེགས་མཚོན་པ་དང་མང་ཚོགས་དང་འབྲེལ་འདྲིས་བྱས་ན། གཞི་ནས་གྲོང་སྲོལ་དམངས་ཆིངས་དེ་གྲོང་གསེབ་ལ་རྩ་བ་ཚུགས་ཐུབ་པ་དང་། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱིས་ཁས་ལེན་དང་། གོང་བཀུར། བརྩི་སྲུང་བཅས་ཞུ་ངེས་རེད་ཅེས་བཤད།

    ད་ལོའི་ཟླ་2པར་བོད་རྒྱ་ཡིག་རིགས་གཉིས་ཀྱི་གྲོང་སྲོལ་དམངས་ཆིངས་བཀྲམ་ནས་ལག་བསྟར་བྱས་པ་དང་། དེབ་བཟོས་ནས་དུད་ཚང་ཚང་མའི་གྲོང་མིའི་ལག་ཏུ་སྤྲད་ཅིང་། དེའི་ནང་དོན་ཐད་སྤྱིའི་རྩ་འཛིན་དང་། སྲིད་ཇུས་ཀྱི་རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་པ། ཀྲུང་གོ་གུང་ཁྲན་ཏང་ལ་དགའ་ཞེན་བྱེད་པ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ། རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་ལ་བརྩི་སྲུང་ཞུ་བ། བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་ཤུགས་སྣོན་རྒྱག་པ། ཁྲིམས་བཞིན་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་པ། ལས་བརྩོན་ཕྱུག་འགྱུར་ཡོང་བར་གཞོལ་བ། ཞར་བྱུང་བཅས་ཁག་9ལས་གྲུབ་ཡོད་པ་རེད།

    ཏང་ཡོན་གྱིས་སྣེ་ཁྲིད་ནས་སྲོལ་ངན་སྒྱུར་བ།

    དབྱི་ཁྲོན་ཆི་ཡིས་གྲོང་སྲོལ་དམངས་ཆིངས་ནི་གྲོང་མིས་རང་ངོས་དོ་དམ་དང་། རང་ངོས་སློབ་གསོ། རང་ངོས་ལྟ་སྐུལ། རང་ངོས་གཅུན་འདོམས་བཅས་ཀྱི་བྱ་སྤྱོད་ཀྱི་ཚད་གཞི་ཡིན་པས་བཅའ་ཁྲིམས་དང་ཀུན་སྤྱོད་ཀྱི་བར་ན་གནས་པ་དང་། དེ་བས་ཀྱང་སློབ་གསོ་ཁྲིད་སྟོན་དང་ཀུན་སྤྱོད་གཅུན་འདོམས་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས་ལ། ལག་བསྟར་བྱེད་རིང་རྣམ་པ་དང་བྱེད་ཐབས་ལ་སྣང་ཆེན་བྱེད་པ་ལས་གཞན་ལ་བཙན་ཤེད་དང་ཨུ་ཚུགས་བྱེད་མི་རུང་བའི་ངོས་འཛིན་བྱེད་ཀྱི་ཡོད།

    གྲོང་ཚོའི་ཏང་ཀྲི་པུའི“འཐབ་ས་དང་པོའི་བཀོད་འདོམས་པུའུ”དང་ཞིང་འབྲོག་པ་ཏང་ཡོན་གྱི“གཞི་རིམ་གདོང་ལེན་རུ་ཁག”གི་ནུས་པ་ཇི་ལྟར་འདོན་པའི་ཐད། “ལམ་ལུགས་ཡག་པོའི”ཇུས་འགོད་པ་གང་ལེགས་བྱེད་དགོས་པ་མ་ཟད། དེ་བས་ཀྱང“བཅོས་སྐྱོང་ཡག་པོའི”ལག་ལེན་པ་དང་སྐུལ་འདེད་པ་གང་ལེགས་བྱེད་དགོས།

    གོང་མེ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཚེ་བརྟན་ལ“སྣོན་འཕྲིའི་བྱེད་ཐབས”གང་ལེགས་སྒྲུབ་པའི་མན་ངག་ཅིག་ཡོད་པ་སྟེ།

    “དཔོན་ཉམས་རིང་ལུགས”ཐད“འཕྲི་ཐབས”སྤྱོད་ཅིང་། དམངས་དོན་དམངས་གླེང་དང་། དམངས་དོན་དམངས་སྒྲུབ། དམངས་དོན་དམངས་གཉེར་ལ་སྐུལ་འདེད་བཏང་ནས་ཚང་མར་འགན་འཁྲི་ཡོད་པ་དང་། ཚང་མས་འགན་འཁྲི་གཙང་སྒྲུབ་བྱེད་པ། ཚང་མར་ལོངས་སུ་སྤྱོད་རྒྱུ་ཡོད་པ་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་གཅིག་མཐུན་འདུས་གྲུབ་ཅིག་འཛུགས་སྐྱོང་བྱེད་པ་དང་དུས་མཚུངས་ལྟ་སྐུལ་སྒྲིག་བསྟར་ལ་ཤུགས་སྣོན་བརྒྱབ་ནས་གྲོང་གསེབ་ཀྱི“རུལ་སུངས་ཙག་ཅིག”གཏན་འགོག་མཐའ་གཅིག་ཏུ་བྱས་ཡོད།

    “གྲོང་སྲོལ་དམངས་ཆིངས་ཀྱི་སྤྱིའི་རྩ་འཛིན་ཁྲོད་གྲོང་ཚོའི‘ཨུ་ལྷན་གཉིས’ཀྱིས་ཏང་དོན་དང་། གྲོང་དོན། ནོར་དོན་བཅས་ཀྱི‘ཡོངས་བསྒྲགས་གསུམ’གྱི་ལམ་ལུགས་མུ་མཐུད་འཐུས་སྒོ་ཚང་དུ་བཏང་ནས་གྲོང་མི་ཡོངས་ཀྱི་ལྟ་སྐུལ་དང་ལེན་བྱེད་དགོས་ཞེས་བཏོན་ཡོད”ད་ཆ་གྲོང་ཚོའི་ལས་དོན་ཚང་མ་ཕྱི་གསལ་ནང་གསལ་ཡིན་པས། གྲོང་མི་ཚོར་གནས་ཚུལ་རྟོགས་དབང་དང་། མཉམ་ཞུགས་བྱེད་དབང་། བསམ་ཚུལ་བརྗོད་དབང་། ལྟ་སྐུལ་བྱེད་དབང་བཅས་ནུས་ལྡན་བྱུང་ཡོད་ཅེས་ཚེ་བརྟན་གྱིས་དགའ་ཚོར་ཆེན་པོའི་ངང་གསར་འགོད་པར་བརྗོད་བྱུང་།

    དམངས་ལ་ཞབས་འདེགས་ཞུ་བའི་ཐད“སྣོན་ཐབས”སྤྱོད་ཅིང་། ཞབས་ཞུ་རྣམ་པའི་ཏང་རྩ་འཛུགས་འཛུགས་སྐྱོང་དང་གྲོང་ཚོ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་སྐུལ་སློང་བྱས་ནས་སྣེ་ཁྲིད་དེ་དམངས་ཆིངས་བརྩི་སྲུང་དང་། གང་སར་བསྐྱོད་ནས་དམངས་ཀྱི་བསམ་འཆར་ཉན་པ། དམངས་ཀྱི་སེམས་ཁྲལ་ཧུར་ཐག་སེལ་བ་བཅས་བྱེད་པ་མ་ཟད། མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཁྲོད་གྲོང་སྲོལ་དམངས་ཆིངས་ཀྱི་ནུས་པ་གང་ལེགས་བཏོན་ནས་སྤྱི་པའི་སྒྲིག་ལམ་སྲུང་སྐྱོང་དང་། མང་ཚོགས་ཀྱི་ཁེ་དབང་འགན་སྲུང་། འགལ་བ་དང་རྩོད་གཞི་འདུམ་འགྲིག དམངས་སྲོལ་དང་ཡུལ་སྲོལ་ལ་ཁྲིད་སྟོན་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཡོད།

    གོང་མེ་གྲོང་ཚོའི་གྲོང་གསེབ་དར་རྒྱས་གཏོང་བའི་ལས་དོན་གྱི་ཆེད་འགན་ལས་བྱེད་པ་བསྟན་འཛིན་ནོར་བུ་ནི་སློབ་ཆེན་ཐོན་མ་ཐག་ཡིན་པས་གྲོང་ཚོའི་ལས་ཀ་བྱས་ནས་ཡུན་རིང་པོ་སོང་མེད། ཁོང་གིས“གྲོང་སྲོལ་དམངས་ཆིངས་ལག་བསྟར་དང་ལུགས་རྙིང་སྲོལ་ངན་སྒྱུར་བའི་རིང་། ངའི་མྱོང་ཚོར་ཆེ་ཤོས་ནི‘ངས་མང་ཚོགས་གཉེན་ཉེར་བརྩིས་ན་མང་ཚོགས་ཀྱིས་མཐར་ང་རང་ནང་མིར་བརྩི་ངེས་ཡིན་པ’དེ་རེད”ཅེས་གསར་འགོད་པར་བརྗོད།

    ཡུལ་སྲོལ་བཟང་བས་སྲོལ་བཟང་དར་བ།

    གཅིག“སྣོན”གཅིག“འཕྲིའི”ལས་དོན་ལ་ཕན་འབྲས་ཐོན་ཡོད།

    གྲོང་གསེབ་བཅོས་སྐྱོང་གི“རང་འགུལ་དམག་འཐབ”གང་ལེགས་རྒྱག་རྒྱུ་དེ་གོ་སྐབས་ཡག་པོར་བརྩིས་ནས་གོང་མེ་གྲོང་ཚོས་ལས་བྱེད་པས་རང་དཔེ་གཞན་སྟོན་བྱེད་པ། ཏང་ཡོན་གྱིས་གདོང་མཆོང་བྱེད་པ། སྔོན་ཐོན་གྱིས་དཔེ་སྟོན་སྣེ་ཁྲིད་བྱེད་པ། མང་ཚོགས་ཀྱིས་ཕན་ཚུན་ལྟ་སྐུལ། བྱ་དགའ་དང་ཆད་གཅོད་ཀྱི་ཚད་གཞི་གསལ་པོ་བཟོ་བ་སོགས་ཀྱི་བྱེད་ཐབས་བརྒྱུད་གྲོང་སྲོལ་དམངས་ཆིངས་དམིགས་སར་དོན་འཁྱོལ་ཡོང་བར་སྐུལ་མ་བཏང་བ་མ་ཟད། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་དེ་ཏན་ཏིག་དང་། གཏིང་ཟབ། སེམས་ལ་ཟུག་པ་བཅས་ཐུབ་པར་མུ་མཐུད་སྐུལ་འདེད་བཏང་བས། གྲོང་ཚོའི་ཏང་ཀྲི་པུའི་འཐབ་ནུས་དང་། གོང་བུ་འགྲིལ་ཤུགས། སྒྲིག་འཛུགས་ནུས་པ། སྣེ་ཁྲིད་ནུས་པ་བཅས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད། “ཐོན་ལས་དར་རྒྱས་དང་། སྣོད་བཅུད་སྡོད་མལ། ཡུལ་སྲོལ་བཟང་བ། བཅོས་སྐྱོང་ནུས་ལྡན། འཚོ་བ་འབྱོར་ཕྱུག”བཅས་ཀྱི་འཆར་འགོད་དེ་ཤོག་བུའི་ཐོག་བྲིས་ནས་གྱང་ལྡེབས་སུ་བཀལ་བ་མ་ཟད་དེ་བས་ཀྱང་གྲོང་མིའི་སེམས་ནང་ངེས་ཡོད་པ་རེད།

    འདི་ལོའི་ཟླ་5ཚེས་13ཉིན་དིང་རི་རྫོང་ཉི་ཤར་བོད་བྱ་གསོ་ཚགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་རྒྱ་སྐྱེད་རྣམ་གྲངས་དངོས་སུ་འགོ་བཙུགས་པ་མ་ཟད། གྲོང་ཚོ་ཡོངས་ཀྱི་དུད་ཚང་24ཡི་མི་121གི་ནང་ནས་གྲོང་མི་50རང་འགུལ་ངང་འོས་འགན་ལས་ཀ་བྱེད་པར་ཡོང་བ་དང་། གཟའ་འཁོར་གཅིག་ཀྱང་མ་འགོར་བར་ཚད་གཞི་མཐོ་བའི་དེང་རབས་ཅན་གྱི་བོད་བྱ་གསོ་ཚགས་རྟེན་གཞི་བསྐྲུན་པ་རེད།

    གསར་འགོད་པ་དང་བཅས་པ་གོང་མེ་གྲོང་ཚོའི་བོད་བྱ་གསོ་ཚགས་མཉམ་ལས་ཁང་དུ་བསྐྱོད་པ་དང་། རྒྱ་ལྕང་གི་གསེབ་ཏུ་ཆུ་བོ་ལྷུང་ལྷུང་དུ་རྒྱུག་བཞིན་འདུག བོད་བྱ་2000ལྷག་ཙམ་ཅི་དགར་རོལ་བཞིན་ཡོད་པ་མ་ཟད། དུག་སེལ་ཁང་དང་། ལོགས་དབྱེའི་ཁང་། རླུང་འགྲོའི་སྒྲིག་ཆས། འོད་འཕྲོའི་སྒྲིག་ཆས། ཚད་ལྡན་ཅན་གྱི་བྱ་ཚང་སོགས་གང་དགོས་ཚང་མ་ཡོད་པ་རེད། ན་ནིང་ཟླ་4པར་མཉམ་ལས་ཁང་བཙུགས་ཚུན། ཚེ་བརྟན་ཉིན་ལྟར་མཉམ་ལས་ཁང་དུ་ལས་མི་ཚོར་བོད་བྱ་གསོ་ཚགས་ལག་རྩལ་ལ་མཛུབ་ཁྲིད་དང་མཉམ་ལས་ཁང་གི་གོམ་སྟབས་རྗེས་མའི་འཕེལ་རྒྱས་འཆར་འགོད་བྱེད་པར་ཡོང་གི་ཡོད། ཁོང་གིས་དགའ་ཚོར་ཆེན་པོས“འདི་ལོ་མཉམ་ལས་ཁང་གི་གསོ་ཚགས་གཞི་ཁྱོན་བོད་བྱ་5000བར་མང་དུ་འགྲོ་རྒྱུ་དང་གྲོང་མི་ཚོར་ལོ་མཇུག་ཏུ་ཁེ་སྤོགས་དེ་བས་མང་པོ་ཐོབ་རྒྱུ་རེད”ཅེས་བརྗོད།

    ཚེ་བརྟན་གྱིས་ད་དུང་གསར་འགོད་པར་ཉི་ཤར་ཤང་སྲིད་གཞུང་གི་གྲོས་འགོ་བཏོན་པ་བརྒྱུད་འདི་ལོའི་ཟླ་4པར་གོང་མེ་གྲོང་ཚོ་དང་རྫོང་མཚོ་གྲོང་ཚོས་མཉམ་དུ་གསོ་ཚགས་མཉམ་ལས་ཁང་འཛུགས་རྒྱུའི་གན་རྒྱ་བཞག་པ་དང་གྲོང་མི་ཚོས་མཉམ་ལས་ཁང་དུ་རང་ཁྱིམ་གྱི་ལུག་མ་རྐང་ནང་བཞག་ཡོད་ཅེས་བརྗོད།

    བསམ་ཡུལ་ལས་འདས་པ་ཞིག་ལ་དབྱི་ཁྲོན་ཆི་དང་ཚེ་བརྟན་གྱིས་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་སྐད་འཕྲིན་ཚོགས་པར་རིམས་ནད་ལ་འགོག་རྒོལ་བྱེད་པར་ཞལ་འདེབས་རྒྱག་དགོས་པའི་འབོད་སྐུལ་ཞུས་པར་གྲོང་ཚོའི་དུད་ཚང་24ཚང་མས་གཅིག་རྗེས་གཉིས་མཐུད་ཀྱིས་རང་འགུལ་ངང་ཞལ་འདེབས་སྒོར་2500བརྒྱབ་པ་རེད།

    “ད་ཆ་གྲོང་ཚོའི་ནང་སུའི་ཁྱིམ་ནི་ཏང་དང་རྒྱལ་ཁབ་ལ་དེ་བས་དགའ་ཞེན་ཡོད་པ་དང་། སུའི་ཁྱིམ་དེ་བས་ལས་བརྩོན་ཕྱུག་འགྱུར་ཐུབ་པ། སུའི་ཁྱིམ་དེ་བས་རྒན་བཀུར་གཉེན་སྐྱོང་ཡོད་པ། སུའི་ཁྱིམ་དེ་བས་ཁྱིམ་མཚེས་དང་འཆམ་མཐུན་ཡོད་པ། སུའི་ཁྱིམ་གྱིས་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་སྤྲོ་བ་སོགས་ལ་ཕན་ཚུན་བསྡུར་བ་བྱེད་ཀྱི་ཡོད་པས་གཞི་རིམ་བཅོས་སྐྱོང་གི་དཀའ་གནད་ཇེ་ཉུང་འགྲོ་བཞིན་འདུག མི་ཚང་མས་ཏང་གི་བཀའ་དྲིན་ཤེས་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་བཀའ་དྲིན་གཟོ་བ་བཅས་གྲོང་ཚོའི་ས་ཕྱོགས་གང་སར་ཞི་མཐུན་བདེ་སྐྱིད་ཀྱི་རྣམ་པས་ཁེངས་ཡོད་པ་རེད” ཅེས་དབྱི་ཁྲོན་ཆིས་བརྗོད་པ་དང་། གྲོང་ཚོའི་འགྱུར་ལྡོག་མཐོང་སྐབས་གྲོང་སྲོལ་དམངས་ཆིངས་ལག་བསྟར་བྱེད་བཞིན་པ་དང་དབུལ་སྐྱོར་ལས་དོན་དང་གྲོང་སྡོད་ལས་འགན་སྒྲུབ་པར་བྲེལ་བཞིན་པའི་དབྱི་ཁྲོན་ཆི་དགའ་ཚོར་ཆེན་པོ་བྱུང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།