དབུ་ཤོག>ཆེད་སྒྲིག
  • ཞི་ཅིན་ཕིང་གི་ལེགས་བཤད། དབུལ་སྒྲོལ་འགག་སྒྲོལ་སྐོར། (22)

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次旦多吉   |     སྤེལ་དུས།  2020-06-17

    དཔྱད་ཞིབ་དང་ལྟ་སྐུལ་ནན་པོ་བྱེད་དགོས། གང་ཡིན་ཟེར་ན། ཀྲུང་དབྱང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་ཁ་གསལ་བཟོས་རྗེས་ས་གནས་ལ་ཕྱོགས་ལྷུང་གཉིས་བྱུང་ཡོད། གཅིག་ནི་བྲེལ་འཚུབ་བྱེད་པ་དེ་རེད། ས་གནས་ཁ་ཤས་ཀྱིས་འཕྲལ་ཕན་འཕྲལ་གཉེར་བྱས་ནས་དབུལ་སྒྲོལ་གྱི་དམིགས་ཚད་བསྒྲུབ་རྒྱུར་བྲེལ་འཚུབ་བྱེད་པ་དང་། ཁ་ཤས་ཀྱིས་དབུལ་སྒྲོལ་བརྟན་པོ་ཡོང་བར་བསམ་བློ་མི་གཏོང་བར། ལོ་དེའི་ཡོང་འབབ་ཁོ་ན་བརྩི་བ་ལས་མི་འབོར་དབུལ་པོར་རྩིས་རྒྱག་གི་མེད། ཁ་ཤས་ཀྱིས་མི་འབོར་དབུལ་པོར་ཡོང་འབབ་མང་དུ་གཏོང་རོགས་བྱེད་པའི་བྱེད་ཐབས་ལ་ཞིབ་འཇུག་མི་བྱེད་པར“མ་མཐའི་འཚོ་བའི་འགན་ལེན་བྱ་ཡུལ་ལ་ཐ་སྐྱོང་དང་། ཐ་སྐྱོང་བྱས་ཕྱིན་ཁ་ཡ་མི་བྱེད་པའི”སྟབས་བདེའི་བྱེད་ཐབས་སྤྱོད་ཀྱི་ཡོད། གཉིས་ནི་ནར་འགྱངས་བྱེད་པ་དེ་རེད། ས་གནས་ཁ་ཤས་ཀྱིས་བསམ་བློའི་ཐོག་མཐོང་ཆེན་དེ་ཙམ་མི་བྱེད་པ་དང་། ལས་ཀའི་ཐོག་རང་འགུལ་དེ་ཙམ་བྱེད་ཀྱི་མེད་པས་མང་ཚོགས་དབུལ་པོ་བློ་ཡིད་ཚིམ་པོ་ཡོང་གི་མེད། གནད་དོན་འདི་དག་ཐག་གཅོད་བྱ་ཆེད། ང་ཚོས་ལམ་ལུགས་ཆ་ཚང་ཞིག་ཞིབ་འཇུག་གིས་གཏན་འབེབས་བྱས་པ་མ་ཟད། ད་དུང་དཔྱད་ཞིབ་དཔྱད་དཔོག་དང་ལྟ་ཞིབ་སྐོར་ཞིབ་ནན་པོ་བྱས་ནས་ས་གནས་ཁག་དང་སྡེ་ཚན་ཁག་གིས་དངོས་འཛིན་དངོས་སྒྲུབ་དང་ནུས་ཤུགས་ཡོད་རྒུས་འགག་སྒྲོལ་བྱ་རྒྱུར་སྐུལ་འདེད་བཏང་ཡོད། དེར་བརྟེན། ལས་འགན་འགྲུབ་མི་ཐུབ་པའམ་ཡང་ན་མི་བདེན་རྫུན་སྒྲིག་བྱས་རིགས་ལ་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས།

    —— ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་དབུལ་སྒྲོལ་འགག་སྒྲོལ་གནས་ཚུལ་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཏང་ཙུའུ་ཡི་སྙན་ཞུ་གསན་སྐབས་ཀྱི་གསུང་བཤད། (2016ལོའི་ཟླ་12ཚེས་1ཉིན)

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།