དབུ་ཤོག>ཆེད་སྒྲིག
  • གནད་སྨིན་འཆར་གཞི་བཀོད། དབུལ་པོའི་རྩ་བ་བཅད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-06-17

    དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་རྒྱག་འགོ་ཚུགས་ཚུན། མངའ་རིས་ས་ཁུལ་མཚོ་ཆེན་རྫོང་གིས་མི་འབོར་དབུལ་པོ་དབུལ་སྒྲོལ་དང་། གྲོང་ཚོ་དབུལ་པོ་ཕྱིར་འཐེན། རྫོང་དབུལ་པོའི་དབུལ་ཞྭ་འབུད་པ། མང་ཚོགས་དབུལ་པོའི“སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ”མངོན་འགྱུར་བྱེད་པ་བཅས་དམིགས་ཚད་དུ་བྱས་ཏེ“གནད་སྨིན་དྲུག”དང“གཅིག་རེ་ལྔའི”བླང་བྱར་དམ་པོ་དམིགས་པ་དང་། དོན་དངོས་ལ་གཞི་ཚུགས་པ་དང་གཙོ་གནད་འབུར་དུ་ཐོན་པ། དམིགས་ཚད་ལ་དམ་པོར་དམིགས་པ་དང་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་པས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ལས་དོན་ལ་ཐག་གཅོད་རང་བཞིན་གྱི་ཕན་འབྲས་ཐོན་ཡོད།

    1 གཙོ་གནད་ལ་དམ་འཛིན་གྱིས་དབུལ་སྒྲོལ་ལ་སྐུལ་འདེད་བཏང་བ།

    ཉེ་བའི་ལོ་ཤས་རིང་། མཚོ་ཆེན་རྫོང་གིས་མ་དངུལ་སྒོར་དུང་ཕྱུར་1.76བཏང་ནས་ཐོན་ལས་རྣམ་གྲངས་ཁག་13ལག་བསྟར་བྱས་པ་དང་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ་1389དང་ཁེ་ཕན་མཉམ་འབྲེལ་ལམ་སྲོལ་བཙུཌ་ཡོད། “ཏང་ཀྲི་པུའུ+མཉམ་ལས་ཁང+དུད་ཚང་དབུལ་པོ”བཅས་ཀྱི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་ཧུར་ཐག་བྱས་ཤིང་། ཉེ་བའི་ལོ་ཤས་རིང་ཐོན་ལས་རྣམ་གྲངས་འཛུཌ་སྐྲུན་དང་དེ་བཞིན་མཉམ་ལས་རྩ་འཛུགས་ཀྱི་ཁེ་ཕན་བགོ་འགྲེམས་ནང་ཞུགས་པར་མི་490དབུལ་སྒྲོལ་ཐུབ་པ་དང་། རྫོང་ཡོངས་ཀྱི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་31ལ་བགོ་འགྲེམས་སྒོར་ཁྲི་509.06བརྒྱབ་པ། མང་ཚོཌ་5574(དེའི་ནང་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་2814ཡོད)ལ་ཕན་པ་ཐོབ་རྒྱུར་སྐུལ་ཁྲིད་བྱས་པ། མི་རེར་ཆ་སྙོམས་འབབ་འཕར་སྒོར་1654.6བྱུང་ཡོད།

    སློབ་གསོའི་ཐད། མཚོ་ཆེན་རྫོང་གིས་ཞིང་འབྲོག་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་གི་སློབ་གསོ་ཕྱོགས་ཡོངས་ནས་སྤྱི་པའི་ནོར་སྲིད་ཀྱི་འགན་སྲུང་ཁྱབ་ཁོངས་སུ་བཅུག་པས་སློབ་གསོའི་དབུལ་སྐྱོར་གྱི་སྲིད་ཇུས་ལས་སློབ་མ་2485ལ་ཕན་པ་ཐོབ་པ་དང་། སློབ་གསོའི་རོགས་སྐྱོར་སྲིད་ཇུས་ལས་སློབ་ཆེན་སློབ་མ་དབུལ་པོ་མི་ཐེངས་204ལ་སྒོར་ཁྲི་49.62ལོངས་སུ་སྤྱོད་རྒྱུ་བྱུང་ཡོད། རྫོང་ནོར་སྲིད་ཀྱིས་སྒོར་ཁྲི་50བཀོད་སྒྲིག་བྱས་ཏེ་སློབ་ཆེན་སློབ་མ་དབུལ་པོའི་ལས་ཞུགས་ལས་གཏོད་ཀྱི་ཐེབས་རྩ་བཙུགས་པ་དང་ལས་ཞུགས་ལས་གཏོད་ཀྱི་འགོ་འཛུཌ་མ་དངུལ་སྒོར་ཁྲི་15དོན་འཁྱོལ་བྱས་ནས་སློབ་གྲྭ་ཆེ་མོ་བ་3རང་བརྟེན་ལས་གཏོད་ལ་རོཌ་རམ་བྱས་པ་རེད།

    “ཏང་ཡོན་ལས་བྱེད་པས་ཆ་སྒྲིག་རོགས་སྐྱོར”དང“རྫོང་ཐད་གཏོགས་སྡེ་ཚན་གྱིས་དམིགས་འཛུགས་དབུལ་སྐྱོར”སོགས་ཀྱི་བྱ་སྤྱོད་དོན་འཁྱོལ་ཧུར་ཐག་བྱས་ཏེ་གྲོང་ཚོར(གྲོང་ལྷན)བཅའ་སྡོད་ལས་དོན་ཁྱོན་ཡོངས་ལ་ཁྱབ་པ་དང་ཏང་སྲིད་ལས་ཁུངས་དང་ཁེ་ལས་བྱ་གཞག་ཚན་པའི་ལས་བྱེད་པས་དུད་ཚང་དབུལ་པོ་1129ཡི་མི་4238དང་ཆ་སྒྲིག་རོགས་སྐྱོར་བྱས་ཡོད། ཉེ་བའི་ལོ་ཤས་རིང་རོགས་སྐྱོར་མ་དངུལ་ཁྱོན་སྒོར་ཁྲི་393.27དོན་འཁྱོལ་བྱས་ཏེ་དུད་ཚང་དབུལ་པོའི་ངལ་ནུས་བཏོན་ནས་འབབ་འཕར་སྒོར་ཁྲི་385.03གཏོད་རོགས་བྱས་པ་དང་མང་ཚོགས་དབུལ་སྒྲོལ་མ་ཐུབ་བར་ལས་བྱེད་པ་དང་ཆ་སྒྲིག་དང་སྡེ་ཚན་དང་འགན་འཁྲི་མཉམ་འབྲེལ་བྱས་ཡོད།

    ཉེ་བའི་ལོ་ཤས་རིང་། མི་ཐེངས་3412lལ་སྨན་རིན་སྒོར་ཁྲི་1634.09རྩིས་ཞུ་བྱས་ཏེ་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་བྱེད་ལམ་གསར་པར་ཞུགས་ཚད་100%ཟིན་ཡོད། “གཅིག་རེ་གསུམ”གྱི་བདེ་ཐང་དབུལ་སྐྱོར་འདུ་འགོད་དོན་འཁྱོལ་ནན་པོ་བྱས་ཏེ་ཁྱིམ་ཚང་སྨན་པ་དང་ཆིངས་ཡིག་བཞག་ཚད་དུད་ཚང་1014ཡི་མི་3480ཟིན་ཡོད། མི་འབོར་དབུལ་པོ་སྨན་པ་བསྟན་པའི“ཐོགས་མེད་བགྲོད་ལམ”ཤར་གཏོང་བྱས་ཏེ་མང་ཚོཌ་དབུལ་པོ་སྨན་པ་བསྟན་དཀའ་བའི་གནད་དོན་ཐག་གཅོད་བྱས་ཡོད།

    2 ཞན་ཆ་གསབ་ནས་དབུལ་སྒྲོལ་ལ་སྐུལ་འདེད་བཏང་བ།

    མཚོ་ཆེན་རྫོང་གིས་གོ་སྐབས་དམ་འཛིན་དང་། ཞན་ཆ་སེལ་བ། མི་འདང་བ་གསབ་པ་བཅས་མཐའ་འཁྱོངས་བྱས་ཏེ་ཆུ་དང་། གློག ལམ། འཕྲིན་གཏོང་། ཚན་རིག སློབ་གསོ། རིག་གནས། འཕྲོད་བསྟེན། བདེ་སྲུང་སོགས་“ལེགས་གཏོང་ལས་གྲྭ་བཅུ”ལག་བསྟར་ཤུགས་ཆེན་གྱིས་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ཡོད།

    གྲོང་ཚོ(གྲོང་ལྷན)དབུལ་པོ་21གི་ཆུ་དང་། གློག ལམ། འཕྲིན་གཏོང་། ཚན་རིག སློབ་གསོ། རིག་གནས། འཕྲོད་བསྟེན། བདེ་སྲུང་སོགས“ལེགས་གཏོང་ལས་གྲྭ་བཅུ”ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་བ་དང་། འཕེལ་རྒྱས་ཀྱི་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་བཏང་བས་གཞུང་ལམ་ཤར་གཏོང་དང་། འཐུང་ཆུ་བདེ་འཇགས། སྡོད་ཁང་བདེ་འཇགས། འཕྲིན་གཏོང་། གློག རླུང་འཕྲིན་བརྙན་འཕྲིན་ཁྱབ་ཚད་བཅས་100%ཟིན་པ་མ་ཟད། གཞི་རྩའི་རྒན་གསོ་འགན་བཅོལ་དང་། གཞི་རྩའི་སྨན་བཅོས་འགན་བཅོལ། ནད་ཆེན་འགན་བཅོལ། སྨན་བཅོས་རོགས་སྐྱོབ། དམིགས་བསལ་དབུལ་ཕོངས་མི་སྣའི་རོགས་སྐྱོབ་བསྙེན་བཀུར། དབང་པོ་སྐྱོན་ཅན་གྱི“ཁ་གསབ་གཉིས”བཅས་ཁྱོན་ཡོངས་ནས་མངོན་འགྱུར་བྱུང་བ་དང་། མ་མཐའི་འཚོ་བ་འགན་ལེན་བྱེད་དགོས་རིགས་འགན་ལེན་ཐུབ་ཅིང་། རྫོང་ཁོངས་ཀྱི་འོས་འགན་སློབ་གསོ་སྲ་བརྟན་གཏོང་ཚད་95%ཡན་ཟིན་པ་དང“འགན་ལེན་གསུམ”གྱི་སྲིད་ཇུས་ཁྱབ་ཚད་100%ཟིན་ཁར་གྲོང་ཚོ་ཀུན་ལ་ཕྱོགས་བསྡུས་རིག་གནས་ཞབས་ཞུའི་ས་ཚིགས་དང་འཕྲོད་བསྟེན་ཁང་ཡོད་པ་དང་། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཟམ་མི་ཆད་པར་སྟོབས་ཆེར་ཕྱིན་ཡོད་པ་རེད།

    3 འགན་སྲུང་བྱེད་ཤུཌ་ཆེ་རུ་བཏང་ནས་དབུལ་སྒྲོལ་ལ་སྐུལ་འདེད་བཏང་བ།

    མཚོ་ཆེན་རྫོང་གིས་རྫོང་ཨུད་ཀྱི་ཧྲུའུ་ཅིས་ཙུའུ་ཀྲང་བྱེད་པའི་རྫོང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་དང་སྲིད་གཞུང་གི་རྫོང་དཔོན་གྱིས་སྤྱི་ཁྱབ་བཀོད་འདོམས་དཔོན་གྱི་འགན་ཁུར་བའི་མཚོ་ཆེན་རྫོང་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའུ་བཙུགས་ཏེ། ཁྱོན་ཡོངས་ལ་ཁྱབ་རྒྱུ་འགན་གཙང་བླངས་ནས་དམ་འཛིན་དང་། སྲུབས་ཁ་མ་ལུས་པར་མཉམ་དུ་དམ་འཛིན། གྲོང་སྡོད་ཐད་སྟོང་ཆ་མ་ལུས་པ། རོགས་སྐྱོར་ཐད་ཉེ་རིང་མེད་པ། ཆ་སྒྲིག་བྱེད་མཚམས་མི་འཇོག་པ། ཁོངས་མི་ཡོངས་ཞུགས་པ། འཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་བཅས་ཀྱི་འགན་འཁྲིའི་མ་ལག་བཙུགས་པ་རེད།

    ཉེ་བའི་ལོ་ཤས་རིང་། མཚོ་ཆེན་རྫོང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་དང“སྣང་ཆེན་བཞི་དང་དགའ་ཞེན་བཞི”དང《ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》སློབ་སྦྱོང་སོགས་བྱེད་སྒོ་དང་ཟུང་འབྲེལ་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་སྲིད་ཇུས་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས་སྒྲོག་འགྲེལ་པ་246སྒྲིག་འཛུགས་བྱས་ཏེ་ཤང་དང་གྲོང་རྡལ་དང་གྲོང་ཚོ་བཅས་སུ་བསྐྱོད་དེ་སྒྲོག་འགྲེལ་ཐེངས་2010བྱས་པ་དང་། དུད་ཚང་དུ་བསྐྱོད་དེ་སྒྲོག་འགྲེལ་ཐེངས་2682བྱས་པ། དྲིལ་བསྒྲཌ་དཔྱད་ཡིག་སྣ་ཚོགས་ཁྲི་5.1ལྷག་ཙམ་སྤྲད་པ། དྲིལ་བསྒྲགས་སྦྱར་ཡིག་393སྦྱར་བ། དྲིལ་བསྒྲགས་བྱང་བུ་27དང་དྲིལ་བསྒྲགས་སྒྲོམ་སྟེགས་238བཀོད་སྒྲིག་བྱས་པ། རིག་རྩལ་བྱེད་སྒོ་སྣ་ཚོགས་263སྐོང་འཁྲབ་བྱས་པ་བཅས་ལས་སློབ་གསོ་ཐོབ་མཁན་མང་ཚོགས་མི་ཐེངས་ཁྲི་8ལྷག་ཙམ་ཟིན་པ་དང་དཔེ་མཚོན་མི་སྣ་16བདམས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་རྒྱག་རྒྱུར་རྣམ་པ་བཟང་པོ་བཏོད་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།