དབུ་ཤོག>ཆེད་སྒྲིག
  • ཞི་ཅིན་ཕིང་གི་ལེགས་བཤད། དབུལ་སྒྲོལ་འགག་སྒྲོལ་སྐོར། (21)

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-06-16

    ལས་དོན་ལ་དམ་འཛིན་བྱེད་པར་བློ་སྟོབས་ཆེན་པོ་དགོས་ལ། ཚན་རིག་དང་མཐུན་པའི་རྣམ་འགྱུར་དེ་བས་ཀྱང་ཡོད་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པ་ནི་ལས་འགུལ་སྤེལ་བ་ཙམ་དང་རླུང་འཚུབ་ཐེངས་གཅིག་ཙམ་མ་ཡིན་པར་དངོས་འབྲེལ་དབུལ་སྐྱོར་དང་། དབུལ་པོ་ངོ་མ་དབུལ་སྐྱོར། དངོས་འབྲེལ་དབུལ་སྒྲོལ་བཅས་ཐུབ་པ་བྱེད་དགོས་ལ། ལོ་རྒྱུས་ཀྱི་ཞིབ་དཔྱད་ཐེག་པའང་བྱེད་དགོས། འགག་སྒྲོལ་དམག་འཐབ་རྒྱག་པའི་འགག་རྩ་ནི་གནད་ལ་འཁེལ་བ་དང་ཏན་ཏིག་བསྒྲུབ་རྒྱུ་དེ་རེད། གནད་ལ་འཁེལ་པོ་བྱུང་ན་གཞི་ནས་ནུས་ཤུགས་ཡག་པོ་འདོན་ཐུབ་པ་དང་། ཏན་ཏིག་སྒྲུབ་ན་གཞི་ནས་ནུས་པ་ལྡན་ལ་ཕན་འབྲས་ཐོན་ཐུབ་སྟེ། གཅིག་ནས་ལས་དོན་ལ་འགོ་ཁྲིད་ཏན་ཏིག་བྱས་ཏེ། ཇུས་འགོད་དང་། སྐུལ་འདེད། སྤྱོད་ཚུལ་བཅས་ཏན་ཏིག་ཐུབ་པ་བྱས་ནས་དམ་པ་དོན་གཉེར་དང་དངོས་འཛིན་དངོས་སྒྲུབ་བྱེད་དགོས། གཉིས་ནས་ལས་འགན་དང་འགན་འཁྲི་ཏན་ཏིག་བསྒྲུབས་ཏེ། ལས་འགན་ཁག་བགོས་དང་། འགན་འཁྲི་རྩད་གཅོད་བཅས་ཏན་ཏིག་ཐུབ་པ་བྱས་ནས་ལས་བགོས་ཁ་གསལ་དང་། འགན་འཁྲི་ཁ་གསལ། འགན་འཁྲི་གཙང་སྒྲུབ་ལ་སྐུལ་ལྕག འགན་འཛོལ་རྩད་གཅོད་བཅས་བྱེད་དགོས། གསུམ་ནས་མ་དངུལ་འགན་ལེན་ཏན་ཏིག་བྱས་ཏེ། མ་དངུལ་ཏན་ཏིག་གཏོང་བ་དང་། མ་དངུལ་ཏན་ཏིག་སྤྱོད་པ། མ་དངུལ་དམིགས་སར་ཏན་ཏིག་འབྱོར་བ་བཅས་བྱས་ཏེ་ཞིབ་རྩིས་རྒྱག་མཁས་པ་དང་བེད་སྤྱོད་འདང་ངེས་དང་ཡག་པོ་གཏོང་བ། འགག་རྩར་སྤྱོད་པ་དང་ཕན་འབྲས་ཐོན་པ་བཅས་བྱེད་དགོས། བཞི་ནས་ལྟ་བཤེར་རྩིས་ལེན་ཏན་ཏིག་བྱས་ཏེ་ལམ་ལུགས་དང་། སྒྲིག་སྲོལ། ལྟ་སྐུལ་བཅས་ཏན་ཏིག་ཐུབ་པ་བྱས་ནས་ཞིབ་བཤེར་དང་། ཞིབ་བཤེར་ལ་ཤུགས་སྣོན་དང་ཞིབ་བཤེར་རྩིས་ལེན་ནན་པོ་བྱས་ཏེ་ནར་འགྱངས་གཏོང་རྒྱུ་མེད་ལ་རྫུན་ཞུ་ཡང་བྱ་རྒྱུ་མེད། ཀྲུང་དབྱང་གིས《དབུལ་སྒྲོལ་འགག་སྒྲོལ་ལྟ་ཞིབ་སྐོར་ཞིབ་ལས་དོན་གྱི་བྱེད་ཐབས》བཟོས་ནས་ལྟ་བཤེར་བྱེད་སྐབས་དོན་འཁྱོལ་ཕྱོགས་སྟོན་དུ་འཛིན་པ་དང་། སྐོར་ཞིབ་བྱེད་སྐབས་གནད་དོན་ཕྱོགས་སྟོན་དུ་བཟུང་ནས་དྲང་ཕྱོགས་དང་ལྡོག་ཕྱོགས་གཉིས་ཀྱི་དཔེ་མཚོན་ལ་དམ་འཛིན་ཡག་པོ་བྱས་ཏེ་ལས་དོན་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས།

     ——《ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་བཞུགས་མོལ་ཚོགས་འདུའི་ཐོག་གི་གསུང་བཤད》(2016ལོའི་ཟླ་7ཚེས་20ཉིན)

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།