
དཔྱད་ཞིབ་ལ་ཤུགས་སྣོན་བརྒྱབ་ནས་ཕན་འབྲས་ཐོན་པ་བྱེད་དགོས། ལམ་ལུགས་ནན་པོར་བརྟེན་ནས་བླང་བྱ་འདོན་པ་དང་ལྟ་སྐུལ་བྱས་ཏེ། སྒྲུབ་དང་མི་སྒྲུབ་གཅིག་པར་བརྩི་མི་རུང་བ་དང་ལས་ཀ་མང་པོ་བྱས་དང་མ་བྱས་གཅིག་པར་བརྩི་མི་རུང་། ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་ལས་དོན་གྱི་དཔྱད་ཞིབ་གདེང་འཇོག་དམིགས་ཚད་དུས་ཚོད་དམ་འཛིན་གྱིས་བཟོ་དགོས། དཔྱད་ཞིབ་ལ་དམིགས་ཚད་དང་གྲུབ་འབྲས་ཀྱི་སྟོན་ཕྱོགས་མངོན་གསལ་དོད་པོ་ཡོང་བ་བྱས་ནས་དངུལ་ག་ཚོད་བཏང་མིན་དང་། མི་ག་ཚོད་མངགས་མིན། རྒྱབ་སྐྱོར་ག་ཚོད་བྱས་མིན་བཅས་མཐོང་དགོས་པ་མ་ཟད། ད་དུང་ངལ་ནུས་སྦྲེལ་མཐུད་དང་ཐོན་ལས་ཀྱིས་དབུལ་སྒྲོལ་ལ་ཁྲིད་སྟོན་བྱེད་པ་སོགས་ཀྱི་ཐད་ཤར་རྒྱུད་ས་ཁུལ་གྱིས་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་དབུལ་སྒྲོལ་བྱེད་རོགས་བྱས་པའི་གནས་ཚུལ་ཡང་མཐོང་བ་བྱེད་དགོས། དཔྱད་ཞིབ་ཀྱི་གཙོ་གནད་དེ་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ག་ཚོད་དབུལ་སྒྲོལ་བྱུང་བའི་ཐད་འཇོག་དགོས། ནུབ་རྒྱུད་ས་ཁུལ་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་འགན་འཁྲིའི་བྱེད་པོ་ཡིན་པ་དང་། ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་དང་ཁ་གཏད་རོགས་སྐྱོར་རྣམ་གྲངས་ལག་བསྟར་གྱི་བྱེད་པོ་དེའང་ཡིན་པས་དཔྱད་ཞིབ་ཀྱི་ཁྱབ་ཁོངས་ལ་འཇུག་དགོས། དཔྱད་ཞིབ་ལས་དོན་དེ་རྒྱལ་སྲིད་སྤྱི་ཁབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གིས་སྒྲིག་འཛུགས་ལག་བསྟར་བྱ་རྒྱུ་དང་དཔྱད་ཞིབ་བྱས་འབྲས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་སྙན་ཞུ་འབུལ་དགོས།
《ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་བཞུགས་མོལ་ཚོགས་འདུའི་ཐོག་གི་གསུང་བཤད》(2016ལོའི་ཟླ་7ཚེས་20ཉིན)