དབུ་ཤོག>ཆེད་སྒྲིག
  • བོད་ལྗོངས་རྦ་ཁ་གྲོང་ཚོར་དྲག་ཆས་ཉེན་རྟོག་པས་བདེ་སྐྱིད་ཀྱི་ལམ་བུ་བསྐྲུན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  德吉普尺   |     སྤེལ་དུས།  2020-06-13

    འདི་ནི་ཉིང་ལག་རུ་ཁག་དེའི་དཔོན་དམག་ཚོས་ཟམ་གདན་དང་ཟམ་གདུང་འཛུགས་བཞིན་པ།

     འདི་ནི་གྲོང་མི་ཉི་མ་རྡོ་རྗེས་འོས་འགན་སྐོར་སྐྱོད་སྨན་བཅོས་བྱེད་པར་ཡོང་བའི་དཔོན་དམག་ཚོར་ག་ལེར་ཕེབས་ཞེས་ལག་པ་གཡུག་གཡུག་བྱེད་བཞིན་པ།

    བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་རྒུ་ཤང་དུ་གནས་པའི་རྦ་ཁ་གྲོང་ཚོ་གནས་ཡུལ་དུ་སྣོད་བཅུད་ཁོར་ཡུག་ཧ་ཅང་ལེགས་པོ་ཡོད་ཅིང་། ས་མཐོའི་ཁམ་བུའི་མེ་ཏོག་དང་གསོམ་ཤིང་ནགས་ཚལ་སྐད་གྲགས་དེ་བས་ཆེ་ཞིང་། ཡུལ་སྐོར་བ་ཚོས་ཡིད་སྨོན་བྱ་ཡུལ་གྱི“མི་ཡུལ་གྱི་གནས་མཆོག”ཅིག་རེད། སྔོན་ཆད་འགྲིམ་འགྲུལ་སྟབས་བདེ་མེད་པར་བརྟེན་གྲོང་མི་ཚོས“གསེར་ཕོར”སྲུང་བཞིན་དབུལ་ཕོངས་ཀྱི་འཚོ་བར་རོལ་རྒྱུ་ལས་མ་འདས།

    2018ལོར་བོད་དུ་བཅའ་སྡོད་དྲག་ཆས་ཉེན་རྟོག་དཔུང་སྡེ་ཞིག་གི་འགྲིམ་འགྲུལ་ཉིང་ལག་རུ་ཁག་གསུམ་པས་ཏང་ཀྲུང་དབྱང་དང་ཞི་ཅིན་ཕིང་གི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ཏེ། ས་གནས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུར་རམ་འདེགས་བྱ་ཆེད། དབུལ་སྐྱོར་ཆེད་དོན་ཚོགས་ཆུང་བཙུགས་ནས་རྦ་ཁ་གྲོང་ཚོར་བརྟག་ཞིབ་བྱེད་པར་ཐེངས་མང་བསྐྱོད།

    “ཕྱུག་པོ་ཆགས་པར་སྔོན་ལ་ལམ་བཟོ་དགོས། རྦ་ཁ་གྲོང་ཚོར་གཞན་དྲིན་མི་འཇོག་པའི་སྣོད་བཅུད་ཀྱི་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད། ང་ཚོས་འགྲིམ་འགྲུལ་སྐྱེལ་འདྲེན་དྲ་བ་ཤར་གཏོང་བྱས་ནས་གྲོང་མི་ཚོའི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་རོགས་བྱ་རྒྱུ་ཡིན”ཉིང་ལག་རུ་ཁག་དེའི་ཏང་ཨུད་ཀྱིས་རྦ་ཁ་གྲོང་ཚོའི་དབུལ་སྒྲོལ་ལས་དོན་དེ་ལམ་བཟོ་རྒྱུ་ནས་འགོ་འཛུགས་རྒྱུའི་ཐག་བཅད། ཁོང་ཚོས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་ཆེད་ལས་ལག་རྩལ་བྱང་ཆུབ་པའི་དཔོན་དམག་རྦ་ཁ་གྲོང་ཚོར་བཅའ་སྡོད་བྱེད་པར་སྐོང་འཐེན་གྱིས་གྲོང་མིའི་འགྲིམ་འགྲུལ་གྱི“བཙན་འགག”གཏོར་རོགས་བྱས་ཡོད། རྐོ་འདྲུའི་འཕྲུལ་ཆས་དང་ལྡུག་འཁོར་སོགས་ཀྱི་ལས་སྒྲུབ་ཀྱི་སྒྲ་དང་བསྟུན་ནས་འགྲོ་ལམ་སྨི་རེ་རེ་བཞིན་ཇེ་ཡངས་སུ་སོང་བ་དང་སྔར་སོང་གི་རྐང་ལམ་ཕྲ་མོ་དེ་བདེ་སྐྱིད་ལྡན་པའི་ལམ་བུར་གྱུར་ཡོད། གྲོང་ཚོའི་ནང་གི་ཤིང་ཟམ་ཞིག་ལ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཚབས་ཆེན་གནས་པ་མཐོང་སྐབས་ཉིང་ལག་རུ་ཁག་དེས་ཆེད་སྤྱོད་མ་དངུལ་བཏང་ནས་གྲོང་མི་ཚོར་རླངས་འཁོར་ཕར་འགྲོ་ཚུར་འོང་བྱེད་ཆོག་པའི་ལྕགས་ཟམ་ཞིག་བསྐྲུན།

    ད་ཆ་རྦ་ཁ་གྲོང་ཚོའི་དུད་ཚང་28ཀྱི་ཞིང་འབྲོག་པ་ཡོངས་རྫོགས་དབུལ་སྒྲོལ་ཐུབ་པ་དང་། “སྣོད་བཅུད་ཁུལ་ཡུལ་སྐོར་མཛེས་ལྗོངས་ཁུལ་ལ་འགྱུར་བའི”དགའ་འོས་པའི་འགྱུར་ལྡོག་དོན་སྨིན་བྱུང་བ་དང་། ཡུལ་སྐོར་བར་སྣེ་ལེན་བྱེད་ཚད་ལོ་རེ་བཞིན་མང་དུ་འགྲོ་བཞིན་ཡོད་ལ་གྲོང་མི་ཚོས་ཀྱང་རྟག་ཏུ་བདེ་སྐྱིད་ལྡན་པའི་གླུ་དབྱངས་ལེན་བཞིན་མཆིས།

    དབུལ་པོ་བསྐྱར་ལོག་སྔོན་འགོག་བྱ་ཆེད། ཉིང་ལག་རུ་ཁག་དེའི་དཔོན་དམག་ཚོས་རྦ་ཁ་གྲོང་ཚོར་ཀྲི་པུས་མཉམ་སྐྲུན་དང་། འོས་འགན་སྐོར་སྐྱོད་སྨན་བཅོས། སྲིད་ཇུས་གསལ་འགྲེལ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཀྲི་པུའི་ལས་ཀའི་བསམ་ཕྱོགས་ཟམ་མི་ཆད་པར་གསར་གཏོད་བྱེད་རོགས་དང་། གྲོང་མི་ཚོར་རི་སྔོ་ཆུ་དྭངས་ཀྱི་སྣོད་བཅུད་ཐོན་ཁུངས་སྲུང་སྐྱོང་བྱ་རྒྱུར་ལྕག་སྐུལ་ཧུར་ཐག་བྱེད་པ། ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་བཏང་ནས་མུ་མཐུད་འབབ་འཕར་ཡོང་རོགས་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།