གནད་སྨིན་གྱི་ཐབས་ཇུས་མཐའ་འཁྱོངས་བྱས་ནས་དབུལ་སྒྲོལ་གྱི་ཕན་འབྲས་དངོས་ཆེ་རུ་གཏོང་དགོས། དབུལ་སྒྲོལ་འགག་སྒྲོལ་བྱེད་པར་གནད་སྨིན་ནི་འགག་རྩ་རེད། ངེས་པར་དུ་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་མཐའ་འཁྱོངས་བྱེད་པ་དང་། དབུལ་སྐྱོར་བྱེད་ཡུལ་གནད་སྨིན་དང་། རྣམ་གྲངས་བཀོད་སྒྲིག་གནད་སྨིན། མ་དངུལ་བེད་སྤྱོད་གནད་སྨིན། བྱ་ཐབས་དུད་ཚང་ལ་དོན་འཁྱོལ་གནད་སྨིན། གྲོང་ཚོར་བསྟུན་ནས་མི་སྣ(ཧྲུའུ་ཅི་དང་པོ)མངགས་གཏོང་གནད་སྨིན། དབུལ་སྒྲོལ་གྲུབ་འབྲས་གནད་སྨིན་སོགས“གནད་སྨིན་དྲུག”མཐའ་འཁྱོངས་བྱས་ཏེ། སུ་ལ་རོགས་སྐྱོར་བྱེད་པ་དང་། སུས་རོགས་སྐྱོར་བྱེད་པ། དབུལ་པོའི་གྲལ་ནས་ཇི་ལྟར་དོན་པ་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ་དང་། མ་དངུལ་གནད་ལ་འཕིགས་པའི་སྒོ་ནས་གཏོང་བ་དང་། བྱ་ཐབས་གནད་ལ་འཁེལ་བའི་ངང་སྤྱད་དེ་གྲོང་ཚོ་དང་། དུད་ཚང་། མི་བཅས་ལ་གཞིགས་ནས་ཇུས་འདོན་པ་དང་། གནད་དོན་ལ་གཞིགས་ནས་ཐབས་ཇུས་འདོན་པ་དང་། གནད་སྨིན་བྱ་ཐབས་སྤྱོད་པ། དམིགས་འབེན་རོགས་སྐྱོར་བཅས་བྱས་ཏེ་དབུལ་སྐྱོར་གནད་ལ་འཁེལ་བ་དང་རྩ་བར་ཐུག་པ་བྱེད་དགོས།
——2018ལོའི་ཟླ་2ཚེས་12ཉིན། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་རྒྱག་རྒྱུའི་སྐོར་གྱི་བཞུགས་མོལ་ཚོགས་འདུའི་ཐོག་གི་གསུང་བཤད་ལས་དྲངས།