
དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་རྒྱག་པའི་འགག་རྩ་ནི་ཡང་ནས་བསྐྱར་དུ་གཅིག་སྡུད་དང་ཡང་ནས་བསྐྱར་དུ་གནད་སྨིན་ཡོང་བ་བྱས་ཏེ་དེ་བས་གཅིག་སྡུད་ཀྱི་རྒྱབ་སྐྱོར་བྱེད་པ་དང་། དེ་བས་ནུས་ལྡན་གྱི་བྱེད་ཐབས་སྤྱོད་པ། དེ་བས་ཞིབ་ཚགས་ཀྱི་ལས་དོན་སྒྲུབ་པ་བཅས་བྱས་ནས་དམིགས་གཏན་འཁེལ་བའི་མང་ཚོགས་དབུལ་པོར་གནད་སྨིན་རོགས་སྐྱོར་བྱེད་རྒྱུ་དེ་རེད། ངལ་རྩོལ་ནུས་ཤུགས་ཡོད་པར། ཐོན་ལས་རོགས་སྐྱོར་དང་ལས་ཞུགས་གཞན་སྒྱུར་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་དབུལ་སྒྲོལ་ཐུབ་པ་བྱེད་དགོས། ངལ་རྩོལ་ནུས་ཤུགས་མེད་པར། ཁོང་ཚོ་ན་དུས་སྨན་བཅོས་ཐུབ་པ་དང་། དབང་སྐྱོན་ཡིན་ཕྱིན་རོགས་སྐྱོར་ཐུབ་པ། འཚོ་བར་ཐ་སྐྱོང་ཐུབ་པ་བཅས་ཀྱི་འགན་ལེན་བྱས་ཏེ་མ་མཐའི་འཚོ་བའི་འགན་ལེན་དང་དེ་བཞིན་སྲིད་ཇུས་ཀྱི་བྱེད་ཐབས་གཞན་དག་ལ་བརྟེན་ནས་ཁོང་ཚོར་གཞི་རྩའི་འཚོ་བར་འགན་ལེན་ཡོད་པ་དང་དབུལ་སྒྲོལ་ཐུབ་པ་བྱེད་དགོས།
——2017ལོའི་ཟླ་12ཚེས་18ཉིན། ཀྲུང་དབྱང་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་གི་གསུང་བཤད་ལས་དྲངས།