དབུ་ཤོག>ཆེད་སྒྲིག
  • ​ “ཁུལ་གསུམ་དང་ཀྲོའུ་གསུམ”གྱི་ས་བབ་མཐོ་ཤོས་ཀྱི་ཆན་ཧྥུའུ་110ཡི་གློག་འདྲེན་གློག་སྒྱུར་ལས་གྲྭ་འཛུགས་སྐྲུན་ལེགས་གྲུབ་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-06-09

    ཉེ་ཆར། ཆ་སྙོམས་ས་བབ་མཐོ་ཚད་སྨི་5049ཟིན་པའི་བོད་ལྗོངས་མཚོ་ཆེན་རྫོང་གི་ཆན་ཧྥུའུ་110ཡི་གློག་འདྲེན་གློག་སྒྱུར་ལས་གྲྭའི་མཐའ་མའི་གློག་སྐུད་འཁྲིད་པའི་ལས་དོན་བདེ་བླག་ངང་ལེགས་གྲུབ་བྱུང་བ་དེ་ཐོག་ནས་རྒྱལ་ཡོངས་ཀྱི“ཁུལ་གསུམ་དང་ཀྲོའུ་གསུམ”གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་གློག་དྲ་འཛུགས་སྐྲུན་རྣམ་གྲངས་ཁྲོད་ཀྱི་ས་བབ་མཐོ་ཤོས་ཀྱི་ཆན་ཧྥུའུ་110ཟིན་པའི་གློག་འདྲེན་གློག་སྒྱུར་ལས་གྲྭ་བདེ་བླག་ངང་ལེགས་གྲུབ་བྱུང་བ་མཚོན་ཡོད། མིག་སྔའི་བར། བོད་ཀྱི“ཁུལ་གསུམ་དང་ཀྲོའུ་གསུམ”གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་གློག་དྲ་འཛུགས་སྐྲུན་གྱི་ལས་གྲྭ་གཙོ་བོའི་འཕེལ་རིམ་76.25%ལེགས་གྲུབ་བྱུང་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། ལས་གྲྭ་དེར་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་3.18བཏང་བ་དང་། གློག་སྒྱུར་ས་ཚིགས་1དང་གློག་འདྲེན་ལྕགས་སྒྲོམ་787གསར་སྐྲུན་བྱས་པ་དང་གློག་འདྲེན་སྐུད་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་277.4ཟིན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལས་གྲྭ་བསྐྲུན་ནས་བེད་སྤྱོད་གཏོང་འགོ་ཚུགས་རྗེས་སྐྲུན་བཞིན་པའི་མངའ་རིས་དང་བོད་དབུས་ཀྱི་གློག་དྲ་དྲ་སྦྲེལ་ལས་གྲྭར་བརྟེན་ནས་མཚོ་ཆེན་རྫོང་དེ་རྒྱལ་ཁབ་ཀྱི་གློག་དྲའི་གློག་དྲ་གཙོ་བོའི་ཁྱབ་ཁོངས་ནང་འཇུག་རྒྱུ་དང་། ཞིང་འབྲོག་མང་ཚོགས་ཁྲི་1.57ལ“གློག་སྤྱོད་ཐུབ་པ”ནས“གློག་ཡག་པོ་སྤྱོད་ཐུབ་པའི”བར་འགྱུར་ལྡོག་གཏོང་རོགས་བྱས་ཏེ་ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་རྒྱུར་སྐུལ་འདེད་གཏོང་ཆེད་གློག་ཤུགས་ཀྱི་འགན་ལེན་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།