དབུ་ཤོག>ཆེད་སྒྲིག
  • ལྷོ་བྲག་རྫོང་ལ་རྒྱབ་གྲོང་ཚོའི་འཇམ་དབྱངས་ལྷ་མོའི་ཁྱིམ་གྱི་དབུལ་སྒྲོལ་གཏམ་རྒྱུད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-06-09

    དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་བརྒྱབ་ཚུན། ལྷོ་བྲག་རྫོང་སྲིད་གཞུང་གིས་གནད་སྨིན་དབྱེ་འབྱེད་བྱས་པ་བརྒྱུད། ལ་རྒྱབ་ཤང་ལ་རྒྱབ་གྲོང་ཚོའི་གྲོང་མི་འཇམ་དབྱངས་ལྷ་མོའི་ཁྱིམ་ཡིག་ཚགས་དང་གཱ་བཟོ་བའི་དུད་ཚང་དབུལ་པོར་གཏན་འཁེལ་བྱས། ཁོང་གི་ཁྱིམ་ཚང་གནས་ཚུལ་ལ་གཞིགས་ནས་ལ་རྒྱབ་ཤང་དང་གྲོང་ཚོའི་ལས་བྱེད་པས་བཟའ་ཟླ་བསྟན་འཛིན་ཉི་མ་རླངས་འཁོར་སྦྱངས་སུ་བཅུག་ནས་སྐྱེལ་འདྲེན་བྱེད་དུ་བཅུག

    རླངས་འཁོར་སྦྱངས་ནས་ཟླ་བ་དྲུག་སོང་རྗེས། བསྟན་འཛིན་ཉི་མར་ཁ་ལོ་བའི་ལག་ཁྱེར་རག ས་གནས་ཏང་ཨུད་དང་སྲིད་གཞུང་གི་རོགས་རམ་འོག་འཇམ་དབྱངས་ལྷ་མོས་དངུལ་བུན་སྒོར་ཁྲི་10གཡར་ནས་བཟའ་ཟླར་དོས་སྐྱེལ་རླངས་འཁོར་ཉོས་ཏེ་གྲོང་ཚོའི་སྐྱེལ་འདྲེན་རུ་ཁག་ནང་ཞུགས་སུ་བཅུག

    བསྟན་འཛིན་ཉི་མའི་ལས་ཞུགས་གནད་དོན་ཐག་གཅོད་བྱས་པ་དང་ཆབས་ཅིག ལ་རྒྱབ་ཤང་གི་འགོ་ཁྲིད་ཀྱིས་འཇམ་དབྱངས་ལྷ་མོ་ལ་རྒྱབ་ཤང་གི་དྲོད་ཁང་དུ་ལས་ཀ་བཀོད་སྒྲིག་བྱས་ནས་མོག་རོ་འདེབས་པའི་ལག་རྩལ་སྦྱོངས་སུ་བཅུག

    ཤང(གྲོང་རྡལ)ལས་བྱེད་པ་དང་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་ཆེད། ཏང་དང་སྲིད་གཞུང་གིས་ཤང(གྲོང་རྡལ)ཁག་ཏུ་དྲོད་ཁང་བརྒྱབ་པ་དང་བསྟུན་ནས་ལ་རྒྱབ་ཤང་གིས་དྲོད་ཁང་སྤྱད་དེ“གསོ་སྦྱོང་རྟེན་གཞི”བསྐྲུན།

    འཇམ་དབྱངས་ལྷ་མོས“སྐབས་དེ་དུས་ཤང་གིས་སི་ཁྲོན་མན་དབྱང་ནས་ལག་རྩལ་པ་གཉིས་འབོད་དེ་ང་ཚོར་མོག་རོ་འདེབས་སྟངས་བསླབས་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་རོགས་བྱས་བྱུང་། མོག་རོ་འདེབས་པར་དཀའ་ལས་ཁག་པོ་འདུག དུག་སེལ་བྱེད་པ་ནས་སོན་གསོ་བའི་བར་རེ་བ་ནན་པས། ཡིད་གཟབ་མ་བྱས་ན་ཡག་པོ་སྐྱེ་མི་ཐུབ”ཅེས་བརྗོད།

    མོག་རོ་འདེབས་སྟངས་སྦྱོང་བ་དེ་ལས་སླ་པོའི་བྱ་བ་ཞིག་མིན། འོན་ཀྱང་ལག་རྩལ་མེད་ན་འཚོ་བ་ཡག་པོ་ཞིག་སྐྱེལ་ཐབས་མེད་པའི་གནས་ལུགས་རྟོགས་མཁན་འཇམ་དབྱངས་ལྷ་མོས་ཐོབ་པར་དཀའ་བའི་སློབ་སྦྱོང་གི་གོ་སྐབས་དེ་དམ་འཛིན་བྱས།

    ད་ཆ་ཁོང་གིས་མོག་རོ་འདེབས་སྟངས་ལག་རྩལ་ཤེས་པ་མ་ཟད། 2017ལོར་ལ་རྒྱབ་གྲོང་ཚོའི་ཚན་རྩལ་ཆེད་མངགས་པར་གྱུར།

    ཚན་རྩལ་ཆེད་མངགས་པ་ཞིག་ཡིན་པའི་ཁོང་ལ་ལོ་ལྟར་ཁ་གསབ་དངུལ་སྒོར་ལྔ་སྟོང་དྲུག་སྟོང་ཙམ་ལེན་རྒྱུ་ཡོད། ཁོང་གིས“ལོ་ལྟར་ཁ་གསབ་དངུལ་སྤོར་གྱི་འདུག ཐོག་མར་སྒོར་5000ནས་ན་ནིང་སྒོར་6000བར་སྤར་འདུག འདི་ལོ་ཡང་སྤོར་རྩིས་འདུག”ཅེས་བརྗོད།

    གནད་སྨིན་དབུལ་སྐྱོར་སྲིད་ཇུས་ཀྱི་རོགས་རམ་འོག་2017ལོར་འཇམ་དབྱངས་ལྷ་མོའི་ཁྱིམ་ཚང་གི་དབུལ་ཞྭ་ཕུད་ནས་འཚོ་བ་སྐྱིད་པོ་ཞིག་སྐྱེལ་འགོ་ཚུགས།

    2018ལོར་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་བསྐྲུན་པའི་སྲིད་ཇུས་ཀྱི་རོགས་རམ་འོག་ལ་རྒྱབ་གྲོང་ཚོའི་དུད་ཚང་59ཚང་མ་སྡོད་ཁང་གསར་པར་སྤོས།

    སྡོད་ཁང་གི་ཆ་རྐྱེན་ལེགས་སུ་ཕྱིན་པ་དང་ཡོང་འབབ་ཀྱང་འཕར་བར་བརྟེན་འཚོ་བའི་སྤུས་ཚད་མཐོ་རུ་ཕྱིན། ད་ཆ་བསྟན་འཛིན་ཉི་མར་ལོར་ཡོང་འབབ་སྒོར་ཁྲི་14ཟིན་གྱི་ཡོད་པ་དང་འཇམ་དབྱངས་ལྷ་མོར་ལོ་གཅིག་ལ་དྲོད་ཁང་ནས་ཡོང་འབབ་སྒོར་ཁྲི་གཉིས་ཙམ་ཡོང་གི་ཡོད་པས། དཔལ་འབྱོར་ཡོང་འབབ་ལ་རྒྱབ་གྲོང་ཚོའི་འབྲིང་གྲས་ཀྱི་ཆུ་ཚད་དུ་སླེབས་ཀྱི་ཡོད།

    ཏང་དང་སྲིད་གཞུང་གི་རོགས་རམ་འོག་ད་ཆ་ལ་རྒྱབ་གྲོང་ཚོས་དྲོད་ཁང་5བརྒྱབ་ནས་དུད་ཚང་30ཡི་མང་ཚོགས་85ཡོང་འབབ་འཕར་རྒྱུར་སྣེ་ཁྲིད་བྱས་ཤིང་། “དྲོད་ཁང་དུ་ལས་ཀ་བྱས་ན། ཉིན་གཅིག་ལ་གླ་ཆ་སྒོར་150སྤྲོད་ཀྱི་འདུག ཕ་ཡུལ་ནས་འབྲལ་མི་དགོས་པར་ཡོང་འབབ་གསོག་ཐུབ་པར་བརྟེན་མང་ཚོགས་ཚང་མ་དགའ་པོ་བྱེད་པ་དང་སེམས་གཏིང་ནས་ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་པོར་བསྔགས་བརྗོད་བྱེད་ཀྱི་འདུག འདི་ལོ་ང་ཚོས་བཏབ་པའི་མོག་རོ་ཡག་པོ་སྐྱེས་པ་དང་བྲིན་ཁ་རྒྱུགས་ན། ཡོང་འབབ་དེ་བས་མང་དུ་འགྲོ་རྒྱུ་རེད”ཅེས་འཇམ་དབྱངས་ལྷ་མོས་བརྗོད།

    “དབུལ་སྒྲོལ་ལམ”ནས“ཕྱུག་འགྱུར་ལམ”དང་དེ་ནས“འབྱོར་འབྲིང་ལམ”བར། གནད་སྨིན་དབུལ་སྐྱོར་སོགས་སྲིད་ཇུས་ཀྱི་རོགས་རམ་འོག་འཇམ་དབྱངས་ལྷ་མོ་འདྲ་བའི་གྲོང་མི་རྣམས་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་འོག་རང་ཉིད་ཀྱི་དཀའ་སྤྱད་ཀྱི་ལག་གཉིས་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་པའི་ཡིད་ཆེས་ཀྱིས་ཁེངས་བཞིན་འདུག

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།