དབུ་ཤོག>ཆེད་སྒྲིག
  • དབུལ་སྒྲོལ་འགག་སྒྲོལ་གྱི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཁྱད་བསད་བྱེད་དགོས་པའི་བླང་བྱ་བཏོན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  次旦多吉   |     སྤེལ་དུས།  2020-06-05

    དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་ཆེད། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གི《གཞི་རིམ་ལ་འགོག་རྐྱེན་བཟོ་བའི་ཕྱི་ཚུལ་རིང་ལུགས་ཀྱི་གནད་དོན་རྒྱུན་མཐུད་ཐག་གཅོད་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་ཆེད་འགྱུར་མེད་སྟོབས་ལྡན་གྱི་སྤྱོད་ཚུལ་གྱི་འགན་ལེན་བྱེད་དགོས་པའི་སྐོར་གྱི་བརྡ་ཐོ》ཡི་བླང་བྱ་གཞིར་བཟུང་། ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་གཞུང་དོན་ཁང་གིས《དབུལ་སྒྲོལ་འགག་སྒྲོལ་གྱི་མཇུག་བསྡུའི་ལོར་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་ཁྱད་བསད་བྱེད་དགོས་པའི་སྐོར་གྱི་བརྡ་ཐོ》བཀྲམ་པ་རེད།

    《བརྡ་ཐོ》ཡི་ནང་བསྟན་དོན། འཛད་སྤྱོད་དབུལ་སྐྱོར་གྱི་ཁེ་ཕན་དོན་དུ་གཉེར་རྒྱུ་སྔོན་འགོག་བྱེད་དགོས། དབུལ་སྐྱོར་ཐོན་རྫས་ཀྱི་ངོས་འཛིན་ཚད་ལྡན་དང་དེར་སྐུལ་འདེད་བཏང་ནས་དབུལ་སྐྱོར་ཐོན་རྫས་ཕྱིར་ཚོང་བྱེད་ཤུགས་ཆེ་རུ་གཏོང་དགོས། ཁྲོམ་རའི་བྱེད་པོར་ལྟ་འདོམས་ནན་པོ་བྱས་ཏེ་འཛད་སྤྱོད་དབུལ་སྐྱོར་བྱ་སྤྱོད་སྤེལ་རིང་གི་མགོ་སྐོར་གཏོང་བ་དང་འཛད་སྤྱོད་དབུལ་སྐྱོར་ལ་ཁ་གཡར་ནས་ཁེ་ཕན་དོན་དུ་གཉེར་བའི་བྱེད་སྤྱོད་ཐག་གཅོད་ནན་པོ་བྱས་ནས་འཛད་སྤྱོད་དབུལ་སྐྱོར་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།

    《བརྡ་ཐོ》ཡི་ནང་ནན་བཤད་བྱས་དོན། གཞི་རིམ་གྱི་ཁུར་པོ་མུ་མཐུད་ལྕི་རུ་འགྲོ་རྒྱུ་སྔོན་འགོག་བྱེད་དགོས། ཚོགས་འདུ་དང་ཡིག་ཆ་ཉུང་གཏོང་གི་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ། ཡིག་ཆ་དང་ཚོགས་འདུའི་སྤུས་ཚད་མཐོ་རུ་ནུས་ལྡན་གཏོང་དགོས། བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་བྱེད་སྟངས་ལེགས་སུ་བཏང་སྟེ་ལྟ་བཤེར་ཞིབ་བཤེར་དང་། ཞིབ་དཔྱད་ཚོད་སྐོར། བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་སོགས་ཀྱི་ལས་དོན་སྤྱི་འདོམས་ཀྱིས་སྤེལ་དགོས། དབུལ་སྐྱོར་གསར་སྤེལ་གྱི་ཆ་འཕྲིན་གྱི་མ་ལག་བེད་གང་ལེགས་སྤྱད་དེ་གྲངས་གཞི་དཔྱད་བསྡུར་ལ་ཤུགས་སྣོན་བརྒྱབ་ནས་རིམ་པ་བཞིན་རེའུ་མིག་རྒྱོང་བ་དང་གྲངས་འབོར་སྙན་སེང་ཞུ་རྒྱུ་སྔོན་འགོག་དང་གཞི་རིམ་གྱི་ཁུར་པོ་མུ་མཐུད་ལྕི་རུ་འགྲོ་རྒྱུ་སྔོན་འགོག་བྱེད་དགོས། 

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།