དབུ་ཤོག>ཆེད་སྒྲིག
  • ནོར་བུ་དོན་གྲུབ་ལྗོངས་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའི་ཆེད་དོན་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-06-04

    ཚེས་2ཉིན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའི་བཀོད་འདོམས་པ་བཅས་ཡིན་པའི་ནོར་བུ་དོན་གྲུབ་ཀྱིས་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་ཏེ། བོད་རང་སྐྱོང་ལྗོངས་ཀྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ས་གནས་ས་ཐོག་གི་སྐུལ་འདེད་དང་ཁ་གཏད་བོད་སྐྱོར་གྱི་དབུལ་སྐྱོར་གཏིང་ཟབ་སྤེལ་བའི་ལས་དོན་ཚོགས་འདུའི་གྲ་སྒྲིག་འཕེལ་རིམ་གྱི་གནས་ཚུལ་སྙན་སེང་གསན་པ་མ་ཟད་འབྲེལ་ཡོད་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྗོངས་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའི་བཀོད་འདོམས་པ་གཞོན་པ་དབང་ཧའེ་ཀྲོའུ་དང་འཇམ་དཔལ་ཚོགས་འདུར་ཞུགས་པ་རེད།

    ནོར་བུ་དོན་གྲུབ་ཀྱིས་བླང་བྱ་བཏོན་དོན། དཀའ་སྤྱད་འབད་འཐབ་དང་གྲོན་ཆུང་བསྲི་ཚགས་ཀྱི་སྤྱོད་ཚུལ་དར་སྤེལ་བཏང་སྟེ་གྲོན་ཆུང་ངང་ལས་དོན་སྒྲུབ་པ་དང་གཞི་རིམ་ནོར་སྲིད་ཀྱི་མནོན་ཤུགས་ཆུང་དུ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་སྲིད་གཞུང་གིས“ཟ་མཁས་འཐུང་མཁས”བྱས་ནས་མི་སེར་ཚོ་འཚོ་བ་ཡག་པོ་སྐྱེལ་རྒྱུ་ཡོང་བར་རམ་འདེགས་བྱེད་པ་དང་། དབུལ་སྒྲོལ་འགག་སྒྲོལ་ལས་དོན་ཁྲོད་ཀྱི་བྱེད་ཐབས་བཟང་པོར་ཕྱོགས་སྡོམ་ནན་ཏན་བྱས་ཏེ་དཔེ་མཚོན་རྒྱུ་ཆ་སྔོག་འདོན་གཏིང་ཟབ་བྱེད་པ་དང་། བྱེད་ཐབས་སྣ་མང་ལ་བརྟེན་ནས་དྲིལ་བསྒྲགས་བྱེད་པ། བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གཏམ་རྒྱུད་ཡག་པོ་བརྗོད་ནས་རྣམ་པ་ཟབ་མོ་ཞིག་གཏོད་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་ལས་འགན་ཁག་འགོས་སྔར་བས་ཁ་གསལ་དུ་བཏང་ནས་དེ་བས་ཞིབ་ཚགས་དང་ནན་ཏན་ངང་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་། འགྲིམ་འགྲུལ་བདེ་འཇགས། དེ་བཞིན་སྨན་བཅོས་འཕྲོད་བསྟེན་འགན་ལེན་སོགས་ཀྱི་ལས་དོན་ལ་དམ་འཛིན་བྱས་ནས་ཚོགས་ཞུགས་འཐུས་མིར་དེ་བས་བདེ་འཇགས་དང་སྤྲོ་སྣང་ལྡན་པའི་ཁོར་ཡུག་ཅིག་གཏོད་དེ་ཚོགས་འདུ་དངོས་སྒྲུབ་དང་ཕུན་སུམ་ཚོགས་པོའི་ངང་ཚོགས་ཐུབ་པའི་འགན་ལེན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།