དབུ་ཤོག>ཆེད་སྒྲིག
  • མི་དམངས་གོང་དུ་བཀུར་ནས་གཞོན་ནུའི་འགན་འཁྲི་འཁུར་སེམས་མཚོན་པར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-06-02

    ཉིང་ཁྲི་གྲོང་ཁྱེར་མི་དམངས་སྨན་ཁང་གི་ནད་ཁང་ནང་དུ་ཨེམ་རྗེ་དང་ནད་པ་ཚང་མས། རྒད་པོ་བཀྲ་ཤིས་དཔལ་འབྱོར་ལ་བསོད་བདེ་འདུག ནད་གཡོག་རྒྱུག་མཁན་བུ་ཡག་པོ་ཞིག་འདུག ཁོང་ནད་པར་ལྟ་རྟོག་བྱེད་རྒྱུ་ཞིབ་ཚགས་པོ་ཡོད་པ་མ་ཟད། ད་དུང་ཡ་རབས་ལྡན་ལ་སེམས་རྩ་འཁོལ་པོ་ཞིག་ཀྱང་འདུག་ཅེས་བརྗོད་ཀྱི་ཡོད། རྒད་པོ་བཀྲ་ཤིས་དཔལ་འབྱོར་གྱི་ལུས་པོར་མ་གཞི་ནད་གཞི་ལྕི་པོ་ཕོག་ནའང་གདོང་ལས་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར་བཞིན་དུ་གསར་འགོད་པར་གོང་རིམ་ནས་བཏང་བའི་ཧྲུའུ་ཅི་དང་པོ་དང་རང་ཉིད་བར་གྱི་གཏམ་རྒྱུད་གླེང་།

    “ཧྲུའུ་ཅི་དང་པོ”ལས་གནས་གསར་པར་སླེབས་པ། 

    རྒད་པོ་བཀྲ་ཤིས་དཔལ་འབྱོར་འདི་ལོ་ལོ་63ཡིན་པ་དང་ཁོང་གི་ཁྱིམ་ནི་ཀོང་པོ་རྒྱ་མདའ་རྫོང་འབྲུག་ལ་ཤང་བྲག་སྟོད་གྲོང་ཚོར་གནས་ཡོད། ཁོང་ནི་གྲོང་ཚོའི་ནང་གི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་གྲས་ཤིག་རེད། བཟའ་ཟླ་སྔ་ས་ནས་ཚེ་ལས་འདས་པ་དང་། བུ་གཉིས་རྟག་ཏུ་ཕྱིར་གླ་པ་རྒྱུག་པར་འགྲོ་ཡི་ཡོད་པས་ཁྱིམ་དུ་རང་ཉིད་དང་ལོ་88ལ་སླེབས་པའི་སྒྱུག་པོ་མ་གཏོགས་མེད་པས་ཁྱིམ་ཚང་ཕྱི་ནང་གི་ཞིང་ལས་དང་ད་དུང་སྒྱུག་པོར་ལྟ་རྟོག་བྱེད་པའི་ལས་ཀ་ཚང་མ་རྒད་པོ་བཀྲ་ཤིས་དཔལ་འབྱོར་གྱི་ཕྲག་ཐོག་ཏུ་བབས་ཡོད།

    ན་ནིང་ཟླ་དང་པོར་གྲོང་ཚོའི་ནང་དུ་ཚོགས་འདུ་འཚོགས་ནས་གོང་རིམ་ནས“ཧྲུའུ་ཅི་དང་པོ”མངགས་འདུག་ཅེས་བརྗོད་སྐབས། རྒད་པོ་བཀྲ་ཤིས་དཔལ་འབྱོར་གྱིས་སྣང་འཇོག་མ་བྱས་པར་རང་ཉིད་དང་འབྲེལ་བ་དེ་ཙམ་མེད་སྙམ། ཉིན་ཤས་སོང་རྗེས་ཀྲའོ་ཧྲུའུ་ཅི་གྲོང་ཚོའི་ལས་བྱེད་པ་དང་མཉམ་དུ་རང་ཉིད་ལ་ལྟ་བར་སླེབས།

    བཀྲ་ཤིས་དཔལ་འབྱོར་ཁྱིམ་གྱི་གནས་ཚུལ་ཤེས་རྗེས་ཀྲའོ་ཧྲུའུ་ཅིས་རྒད་པོར་སེམས་ཁུར་ཆེན་པོ་བྱེད་པ་དང་། གྲོང་ཚོར་སླེབས་ནས་ལོ་གཅིག་ལྷག་ཙམ་སོང་རིང་ཁོང་གིས་གཟའ་འཁོར་མི་རེ་ངོ་རེར་རྒད་པོ་བཀྲ་ཤིས་དཔལ་འབྱོར་གྱི་ཁྱིམ་དུ་བསྐྱོད་དེ་རྒད་པོའི་གཟུགས་པོའི་གནས་ཚུལ་དང་ཐོན་སྐྱེད་དང་འཚོ་བའི་ཐད་ཀྱི་དཀའ་ངལ་འདྲི་ཡི་ཡོད། རྒད་པོར་དོན་དག་ཡོད་ཚེ་ཀྲའོ་ཧྲུའུ་ཅིས་རང་འགུལ་ངང་ཁོང་གི་ཁྱིམ་དུ་ཡོང་ནས་སྐད་ཆ་འདྲི་བ་དང་ཆུ་ལེན་རོགས་སོགས་ཀྱི་ལས་ཀ་བྱེད་ཀྱི་ཡོད། ལོ་གཅིག་ལྷག་ཙམ་ཕན་ཚུན་འབྲེལ་གཏུག་བྱས་པ་བརྒྱུད་རྒད་པོ་དང་ཀྲའོ་ཧྲུའུ་ཅི་ཕན་ཚུན་རྒྱུས་མངའ་ཆེ་རུ་སོང་ནས། ཀྲའོ་ཧྲུའུ་ཅིའི་མིང་ཆ་ཚང་ལ་ཀྲའོ་ཅི་ཕེང་ཟེར་བ་དང་། འདི་ལོ་ལོ་26ལ་སླེབས་ཤིང་། ཏང་ལོ་ལོ་7ཡོད་པའི་ཏང་ཡོན་ཞིག་ཡིན་པ་མ་ཟད། 2017ལོར་སློབ་ཆེན་ཐོན་རྗེས་གཞི་རིམ་གྱི་ལས་བྱེད་པར་གྱུར་ནས་འབྲུག་ལ་ཤང་དུ་སླེབས་པ་བཅས་རྒད་པོས་གསལ་པོ་ཤེས་ཡོད།

    འཚམས་འདྲིར་སྐྱོད་སྐབས་ཚེ་སྲོག་གི་ཉེན་ཁ་ལས་བསྐྱབས་པ།

    འདི་ལོའི་ཟླ་4པའི་ཚེས་15ཉིན་ཀྲའོ་ཅི་ཕེང་དང་རུ་མིས་མི་དམངས་ཀྱི་གནས་ཚུལ་འགོད་སའི་ཟིན་དེབ་འཁྱེར་ནས་རྒྱུན་གཏན་གྱི་འཚམས་འདྲིར་སྐྱོད་རིང་། བཀྲ་ཤིས་དཔལ་འབྱོར་གྱི་ཁྱིམ་དུ་སླེབས་སྐབས་རྒད་པོ་ཉལ་ཁྲིའི་སྟེང་ཉལ་ཡོད་པ་དང་ཁང་པའི་ནང་ནས་སྣ་ཁུག་ལ་ཚ་ཤུར་རྒྱག་པའི་དྲི་ངན་ཞིག་འཐུལ་ཡོང་། ཀྲའོ་ཅི་ཕེང་གིས་རྒྱུ་རྐྱེན་སྐད་ཆ་འདྲི་སྐབས། དང་ཐོག་རྒད་པོས་ངོ་ཚ་བྱས་ནས་མ་བཤད། ཁ་ཏ་བསླབ་བྱ་བྱས་པ་བརྒྱུད་རྒད་པོས་ཉེ་ཆར་རང་ཉིད་ཀྱི་རྐང་པ་གཉིས་སྐྲངས་ནས་དམར་པོ་ཆགས་ཏེ་རྣག་བསགས་འདུག སྨན་བཅོས་དུས་ཐོག་ཏུ་མ་བྱས་པའི་རྐྱེན་གྱིས་དྲི་ངན་འདི་འཐུལ་ཡོང་བ་རེད་ཅེས་བཤད། གནས་ཚུལ་གསལ་པོ་ཤེས་རྗེས་ཁོང་གིས་འཕྲལ་མར་ཤང་ཏང་ཨུད་དང་སྲིད་གཞུང་གི་འགོ་ཁྲིད་གཙོ་བོར་འབྲེལ་ཡོད་གནས་ཚུལ་སྙན་སེང་ཞུས་པ་དང་། རང་འགུལ་ངང་ཤང་འཕྲོད་བསྟེན་ཁང་དང་གྲོང་ཁྱེར་མི་དམངས་སྨན་ཁང་ལ་འབྲེལ་བ་བྱས་ནས་ཞག་སྡོད་སྨན་བཅོས་བྱེད་རྒྱུའི་མཐུན་སྦྱོར་བྱས་པ་དང་འབྲེལ། ཕྱིར་གླ་པ་རྒྱུག་བཞིན་པའི་བུ་གཉིས་ལ་ཁ་པར་བརྒྱབ་ནས་ལམ་སེང་རྒན་རྒོན་ལ་ལྟ་རྟོག་བྱེད་པར་ཡོང་དགོས་པའི་བརྡ་བཏང་བ་རེད།

    དཀའ་སྡུག་འཕྲད་སྐབས་བརྩེ་བ་མངོན་པས་མི་སེམས་ལ་དྲོ་སྐྱིད་སྦྱིན་པ།

    རྒད་པོ་བཀྲ་ཤིས་དཔལ་འབྱོར་ཁྱིམ་ཚང་གི་འཚོ་བར་དཀའ་ངལ་ཡོད་པས་བཅོལ་དངུལ་ཧ་ལམ་མེད་སྟབས། སྨན་ཁང་དུ་སྡོད་རིང་གི་གྲོན་དངུལ་སྤྲོད་ཐབས་མེད་པའི་གནས་ཚུལ་ལ་བསམ་གཞིག་བྱས་ཏེ། ཀྲའོ་ཅི་ཕེང་གིས་ཤང་ཏང་ཨུད་དང་སྲིད་གཞུང་གི་འགོ་ཁྲིད་གཙོ་བོའི་མོས་མཐུན་འོག ཤང་ལས་ཁུངས་ཀྱི་ལས་བྱེད་པ་དང་གྲོང་ཚོའི་ཏང་ཡོན་དང་མང་ཚོགས་ཚོར་རྒད་པོ་བཀྲ་ཤིས་དཔལ་འབྱོར་ལ་ཞལ་འདེབས་རྒྱག་རྒྱུའི་འབོད་སྐུལ་བྱས་ཡོད། མིག་སྔའི་བར་ཞལ་འདེབས་དངུལ་སྒོར་37000ལྷག་ཙམ་བྱུང་བ་ཚང་མ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་རྒྱ་མཚོ་དང་ཀྲའོ་ཅི་ཕེང་གིས་རྒད་པོར་རྩིས་སྤྲད་དེ་ཁ་ཚ་དགོས་གཏུག་གི་དཀའ་ངལ་སེལ་རོགས་བྱས་ཡོད།

    སྨན་ཁང་དུ་ཞག་སྡོད་སྨན་བཅོས་བྱེད་རྒྱུའི་མཐུན་སྦྱོར་ཡག་པོ་བྱུང་རྗེས། ཟླ་4ཚེས་24ཉིན་གྱི་ཕྱི་དྲོ་ཀྲའོ་ཅི་ཕེང་དང་ཤང་འཕྲོད་བསྟེན་ཁང་གི་སྨན་དོན་པས་རྒད་པོ་བཀྲ་ཤིས་དཔལ་འབྱོར་གྲོང་ཁྱེར་མི་དམངས་སྨན་ཁང་དུ་བསྐྱལ་ནས་ཞག་སྡོད་འགྲོ་ལུགས་གཉེར་རོགས་བྱས་པ་མ་ཟད། ད་དུང་རྒད་པོར་འཚོ་བའི་མཁོ་ཆས་ཆ་ཚང་གྲ་སྒྲིག་བྱས་ནས་སེམས་ལྷོད་ལྷོད་ངང་སྨན་བཅོས་བྱེད་དུ་བཅུག

    ཀྲའོ་ཅི་ཕེང་གིས་རྒད་པོ་བཀྲ་ཤིས་དཔལ་འབྱོར་སྨན་ཁང་དུ་ཞག་སྡོད་སྨན་བཅོས་དང་རྗེས་མཐུད་ཀྱི་འཚོ་བའི་དཀའ་ངལ་སེལ་རོགས་བྱས་པ་ལས་རྒད་པོ་ནད་གཞིས་རྐྱེན་པས་དབུལ་པོ་རང་ལོག་ཆགས་མེད། མིག་སྔར་ནད་གཞི་ཚོད་འཛིན་ནུས་ལྡན་ཐུབ་ནས་སྨན་བཅོས་ཀྱི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། “དཀའ་སྡུག་འཕྲད་སྐབས་བརྩེ་བ་མངོན”ཞེས་ཚང་མས་ཤོད་ཀྱི་ཡོད། ནད་གཞི་ལྕི་པོ་ཞིག་ཕོག་པ་བརྒྱུད་རྒད་པོས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་ངོ་མ་ཚོར། རྒད་པོས་གད་མོ་དགོད་བཞིན་དུ་ཉལ་ཁང་གཅིག་པའི་ནད་པ་ཚོར“གོང་རིམ་ནས་བཏང་བའི་ཧྲུའུ་ཅི་དང་པོ་ནི་ང་རང་གི་བུ་དང་ཁྱད་མེད”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།