དབུ་ཤོག>ཆེད་སྒྲིག
  • དབུལ་སྐྱོར་གྱི་འཐབ་ས་དང་པོར་ཏང་དར་ལྷབ་ལྷུབ་ཏུ་གཡོ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尼玛曲珍   |     སྤེལ་དུས།  2020-06-01

    ཉེ་བའི་ལོ་ཤས་རིང་། མངའ་རིས་ས་ཁུལ་གྱིས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཏང་འཛུགས་སྐྱོང་དང་དབུལ་སྒྲོལ་འགག་སྒྲོལ“གཉིས་ཀར་སྐུལ་འདེད་གཏོང་བའི”འདུ་འགོད་ལག་ལེན་ཤུགས་ཆེན་བསྟར་ཏེ་ཏང་འཛུགས་སྐྱོང་ལ་བརྟེན་ནས་དབུལ་སྒྲོལ་ལ་སྣེ་ཁྲིད་དང་། དབུལ་སྒྲོལ་ལ་སྐུལ་འདེད། དབུལ་སྒྲོལ་ལ་འགན་སྲུང་། དབུལ་སྒྲོལ་ལ་རམ་འདེཌ་བཅས་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་རེད། མིག་སྔའི་བར། རིམ་རྩིས་ལྟར་ན་ས་ཁུལ་ཡོངས་ཀྱི་དུད་ཚང་དབུལ་པོ་6214ཡི་མི་23230དབུལ་སྒྲོལ་ཐུབ་པ་དང་། གྲོང་ཚོ་དང་གྲོང་ལྷན་དབུལ་པོ་139དབུལ་པོ་ནས་ཕྱིར་འཐེན་བྱས་པ། དགེ་རྒྱས་དང་། སྒེར་རྩེ། མཚོ་ཆེན་བཅས་རྫོང་3དབུལ་ཞྭ་ཕུད་པའི་ཚད་གཞིར་སླེབས་ཡོད་པ་རེད།

    ཉམས་སད་ཐེག་པ་བྱས་ནས་དཔུང་ཁག་ལ་སྦྱོང་བརྡར་བྱས་པ།

    ལས་བྱེད་པའི་དཔུང་ཁག་གི་འགག་སྒྲོལ་ནུས་པ་ཆེ་རུ་གཏོང་བ་དང་ལས་སྒྲུབ་ལས་གཏོད་ལ་སྐུལ་འདེད་གཏོང་བར་དམིགས་ནས། “མངའ་རིས་ནས་ཐོན། ལྗོངས་ཕྱི་རུ་སྐྱོད”དང“སློབ་ཁང་དུ་བསྐྱོད་དེ་སློབ་མ་བྱེད་པའི”གསོ་སྦྱོང་སྒྲིག་འཛུགས་རྒྱ་ཁྱབ་བྱས་ནས། ལོ་ལྟར་གཞི་རིམ་ལས་བྱེད་པ་དང་རྫོང་དང་ཤང་གི་ཏང་སྲིད་ཚན་ཁག་གི་ཁོངས་མི་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་སོགས་དར་རྒྱས་ཆེ་བའི་ནང་སའི་གྲོང་ཁྱེར་དུ་གསོ་སྦྱོང་ལ་བསྐྱོད་རྒྱུ་སྒྲིག་འཛུགས་བྱས་ཏེ། ལས་བྱེད་པར་བསམ་བློ་བཅིངས་འགྲོལ་དང་། མཐོང་རྒྱ་ཆེར་གཏོང་། བསམ་ཕྱོགས་ལེགས་གཏོང་བཅས་བྱེད་རོགས་བྱས་པ་རེད།

    དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ས་དང་པོར་ལས་བྱེད་པ་གསོ་སྦྱོང་དང་། ཤེས་རྟོགས། བེད་སྤྱོད་བཅས་བྱེད་རྒྱུར་མཐོང་ཆེན་བྱས་ཤིང་། 2017ལོ་ཚུན་དུ། དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ས་དང་པོའི་ལས་གནས་ནས་རྫོང་རིམ་པའི་ལས་བྱེད་པ་གོ་གནས་སྤོར་བ་དང་། བེད་སྤྱོད་བྱེད་ཚད་དེ་ལས་བྱེད་པ་གོ་གནས་སྤོར་བ་དང་། བེད་སྤྱོད་ཀྱི་41%བཟུང་ཡོད་པ་རེད།

    སྟོབས་ཤུགས་གཤམ་སྒྱུར་བྱས་ཏེ་ཞན་ཆ་བསལ་བ།

    དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ས་དང་པོར་སྟོབས་ཤུགས་གང་མང་འདོན་རྒྱུ་མཐའ་འཁྱོངས་བྱས་ཏེ། གྲོང་ཚོ་རེར་ཤང་དང་གྲོང་རྡལ་གྱི་གྲོང་ཚོ་འགན་གཙང་ལེན་མཁན་ལས་བྱེད་པ་1དང་། ཧྲུའུ་ཅི་དང་པོ་1 སྤྱི་བདེའམ་ཡང་ན་མཐའ་སྲུང་ལས་བྱེད་ཉེན་རྟོག་པ་1 སློབ་གྲྭ་ཆེ་མོ་བའི་གྲོང་དཔོན་1 དཔལ་འབྱོར་མཛུབ་ཁྲིད་པ་1 གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པ་1བཅས་བཀོད་སྒྲིག་བྱས་ནས་གཤམ་སྐྱོད་ཀྱི་བྱ་ཐབས་སྤྱད་དེ་གྲོང་ཚོ་དང་གྲོང་ལྷན་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་སྐུལ་འདེད་བཏང་བ་རེད།

    མང་ཚོགས་ཕྱུག་འགྱུར་ལ་ལས་སྟེགས་སྐྲུན་པ་དང་། ཐབས་ལམ་འཚོལ་བ། ཐབས་ཤེས་འདོན་པ་བཅས་བྱས་ཏེ། མང་ཚོགས་ལ་འཕེལ་རྒྱས་ཀྱི་བསམ་ཕྱོགས་2378གསལ་པོ་བཟོ་རོགས་བྱས་པ་དང་། འཕེལ་རྒྱས་ཀྱི་ཐབས་ལམ་1245གནད་འཁེལ་འཚོལ་རོགས་བྱས་པ། གྲོང་ཚོ་དང་གྲོང་ལྷན་འཕེལ་རྒྱས་ཀྱི་འཆར་འགོད་ཁག་262བཟོས་པ་དང་འཐུས་སྒོ་ཚང་དུ་བཏང་བ། “མྱུར་འགྲུབ་རྣམ་གྲངས”ཁག་1000ལྷག་ཙམ་དོན་འཁྱོལ་བྱས་པ་རེད།

    སློབ་ཁུངས་བོད་ནས་མིན་པའི་མཐོ་སློབ་སློབ་ཐོན་སློབ་མ་ཆེད་མངགས་བསྡུ་བའི་ལས་དོན་སྤེལ་ནས་ཤང་དང་གྲོང་རྡལ་གྱི་ལས་བྱེད་པའི་དཔུང་ཁག་ལེགས་སུ་བཏང་སྟེ་གཞི་རིམ་གྱི་ཤེས་ལྡན་མི་སྣའི་ཞན་ཆ་ནུས་ལྡན་བསལ་ཞིང་། 2017ལོ་ཚུན་དུ། ལས་བྱེད་པ་དང་ཤེས་ལྡན་མི་སྣ་2566བསྡུས་པ་རེད།

    ནུས་ཤུགས་གཅིག་སྒྲིལ་གྱིས་འགག་སྒྲོལ་བྱས་ཏེ་གནད་སྨིན་རོགས་སྐྱོར་བྱས་པ།

    ཏང་ཡོན་ལས་བྱེད་པས་སྣེ་ཁྲིད་ནས་མིག་དཔེ་འདོན་རྒྱུ་མཐའ་འཁྱོངས་བྱས་ཤིང་། ས་ཁུལ་དང་རྫོང་གི་ལས་ཁུངས་ཚན་པས་གྲོང་ཚོ་དབུལ་པོར་གནས་གཏན་འཁེལ་གྱིས་འབྲེལ་གཏུག་བྱེད་པའི་ཕུགས་ཕན་ལམ་སྲོལ་བཙུགས་ནས་ས་ཁུལ་དང་རྫོང་རིམ་པའི་ལས་བྱེད་པ་582ཀྱིས་ལས་ཞུགས་མ་ཐུབ་པའི་མཐོ་སློབ་སློབ་ཐོན་སློབ་མ་792ལ་རོགས་རམ་བྱས་པ་དང་། ཏང་ཡོན་ལས་བྱེད་པ་ཁྲི་1.4ཡིས་མང་ཚོཌ་དབུལ་པོ་ཁྲི་2.26ལ་ཆ་སྒྲིག་རོགས་སྐྱོར་བྱས་པ་རེད།

    ཚོང་འགུགས་མ་འདྲེན་དང་། གངས་ཏི་སི་རྒྱལ་སྤྱིའི་ཡུལ་སྐོར་མཉམ་ལས་ཁུལ། སྒར་རྫོང་སྣོད་བཅུད་ཞིང་ལས་ཐོན་ལས་གླིང་། སེང་གེ་ཁ་འབབ་ཀྱི་ས་ཁོངས་ཁོར་ཡུག་བཅོས་སྒྲིག་བཅས་ཀྱི་བོད་སྐྱོར“ཚོགས་སྒྲིག་ཆུང་ངུ”4བཙུགས་ནས། ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས་ཁག་47དོན་འཁྱོལ་བྱེད་རྒྱུར་མཐུན་སྦྱོར་དང་། སྒྲིག་བཀོད་ཞིང་ལས་ཚོད་ལྟའི་དཔེ་སྟོན་ཁུལ་ཁྱབ་གདལ། ཁྱད་ལྡན་ཡུལ་སྐོར་རྣམ་གྲངས་གསར་སྤེལ། སྒར་རྫོང་གྲོང་གི་ས་ཆུ་ཤོར་བའི་ས་ཁྱོན་བཅོས་སྒྲིག སེང་གེ་ཁ་འབབ་བར་རྒྱུད་ཀྱི་སྣོད་བཅུད་ཁོར་ཡུག་སླར་གསོ་དང་སྲུང་སྐྱོང་ལས་གྲྭ་སྤེལ་བ་བཅས་བྱས་པ་རེད། “མིང་སྟོང་གྲོང་ཚོ”བཅོས་སྒྲིག་དང“ཉམས་ཞན་གྲོང་ཚོ”སྟོབས་ཆེར་གཏོང་བའི་བྱ་སྤྱོད་སྤེལ་བ་དང་། “གྲོང་ཚོ་གཅིག་ལ་ཐོན་རྫས་གཅིག”གི་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་གྲངས་མངོན་འགྱུར་བྱེད་པ། ཁྲོམ་རའི་མདུན་ལམ་ཡག་པ་དང་སྐུལ་ཁྲིད་ནུས་པ་ཆེ་བའི་དངོས་ཚན་དཔལ་འབྱོར་ཁག་111གཉེར་བ། ཆེད་ལས་མཉམ་ལས་དཔལ་འབྱོར་རྩ་འཛུགས་ཁང་119འཛུགས་པ། འབབ་གཏོད་ལས་སྟེགས་འཛུགས་པ་དང་དཔལ་འབྱོར་ཡོང་འབབ་མཐོ་རུ་གཏོང་བ། གནད་འདུས་ཡུག་གྲུབ་དང་གནས་ཀྱིས་ཁྱོན་ཡོངས་ལ་སྐུལ་ཁྲིད་བྱེད་པ་བཅས་བྱས་པ་བརྒྱུད། དབུལ་སྒྲོལ་འགག་སྒྲོལ་གྱི་ཁྱབ་འགྱེད་ཀྱི་ཕན་ནུས་ཆེན་པོ་ཐོན་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།