དབུ་ཤོག>ཆེད་སྒྲིག
  • ཕུགས་བསམ་མངོན་འགྱུར། འབད་འབུངས་ཡར་བརྩོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-05-30

    འདི་ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་དེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་མཇུག་བསྡུའི་ལོར་མཐའ་མའི་རྒྱལ་ཁ་ལེན་པ། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་མཇུག་བསྡུའི་ལོ་བཅས་དང་ཏག་ཏག་འཁེལ་བ་མ་ཟད། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དམིགས་བསལ་དུས་བབ་འོག་འཚོགས་པ་ཞིག་ཀྱང་ཡིན་པས་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད།

    རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་རང་ལྗོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་མངག་བཅོལ་ཟབ་མོ་དང་རེ་སྒུག་ཆུད་ཟོས་སུ་མ་བཏང་བར། རྒྱལ་ཁབ་ཀྱི་སྤྱི་ཡོངས་ལ་དམིགས་པ་དང་། མི་དམངས་ཀྱི་ཁེ་ཕན་ལ་བསམ་བློ་གཏོང་བ། སྤྲོ་སེམས་རབ་ཏུ་འཕེལ་བའི་སྒོ་ནས་འགན་སྒྲུབ་ནུས་ལྡན་དང་ཐབས་འདོན་ཇུས་འདོན་བྱས་ཏེ། སྔོན་གཏན་འཁེལ་བའི་གྲོས་རིམ་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱས་པ་ལས་རང་ལྗོངས་ཀྱི་འཐུས་མི་དང་ཨུ་ཡོན་ཚོའི་བསམ་པའི་ཉམས་འགྱུར་བཟང་པོ་མངོན་ཐུབ།

    ཕུགས་བསམ་མངོན་འགྱུར་དང་འབད་འབུངས་ཡར་བརྩོན། 2020ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རྒྱལ་ཁའི་ངང་གྲོལ་ནས་ང་ཚོ་འབད་འཐབ་ཀྱི་རྒྱང་སྐྱོད་གསར་པ་བྱེད་འགོ་ཚུགས་ཟིན། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། དུས་ཚོད་དམ་འཛིན་ཧུར་ཐག་དང་། དངོས་འཛིན་དངོས་སྒྲུབ་ཀྱི་ཟུངས་ཤུགས་འཕེལ་བ། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་བྱེད་ཐབས་དང་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་བ་བཅས་བྱས་ཏེ་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཧུར་ཐག་བྱས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་ཕྱོགས་སུ་དཔའ་མཛངས་བརྟུལ་ཕོད་ཀྱིས་མདུན་སྐྱོད་བྱེད་དགོས།

    འདི་ནི་ཚོགས་འདུའི་བར་གསེང་དུ་རང་ལྗོངས་ཀྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོས་གྲོས་བསྡུར་གནང་བཞིན་པ།

    ཟླ་5ཚེས་24ཉིན་གྱི་སྔ་དྲོ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་བོད་ཀྱི་འཐུས་མི་ཚོགས་པས་ཚང་འཛོམས་གྲོས་ཚོགས་འཚོགས་ནས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་གནང་ཞིང་། འདི་ནི་རང་ལྗོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྐལ་བཟང་སྒྲོལ་དཀར་གྱིས་གཏམ་བཤད་གནང་བཞིན་པ།

    འདི་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དབང་འདུས་ཀྱིས་རང་ལྗོངས་ཀྱི་སྨྱན་སྦྱོར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་གནང་བཞིན་པ།

    ཟླ་5ཚེས་28ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པ་པེ་ཅིང་དུ་གྲོལ་བ་རེད།    འདི་ནི་རང་ལྗོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྤོབས་པ་ཆེར་སྐྱེད་ཀྱིས་མི་དམངས་ཚོགས་ཁང་ཆེ་མོའི་ཐང་ཆེན་ནས་སྐྱོད་བཞིན་པ།


    ཟླ་5ཚེས་28ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པ་པེ་ཅིང་དུ་གྲོལ་བ་རེད།    འདི་ནི་རང་ལྗོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་རླངས་འཁོར་གནམ་བདེ་སྒོ་མོའི་ཐང་ཆེན་གྱི་མདུན་ནས་སྐྱོད་བཞིན་པ།

    འདི་ནི་རང་ལྗོངས་ཀྱི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་སྐལ་བཟང་ནོར་བུ(དཀྱིལ)ཡིས་ཚོགས་འདུའི་བར་གསེང་དུ་ལྗོངས་ཕྱིའི་ཨུ་ཡོན་དང་སྤེལ་རེས་གནང་བཞིན་པ།

    ཟླ་5ཚེས་22ཉིན་གྱི་ཕྱི་དྲོ། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པས་རིགས་ཁོངས་དབྱེ་ནས་སྲིད་གྲོས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་དང་གྲོས་གཞིའི་ལས་དོན་བསྒྲུབས་ཚུལ་སྐོར་གྱི་སྙན་སྒྲོན་ལ་གྲོས་ཞིབ་གནང་བ་དང་། བོད་སྡོད་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་ཚོགས་འདུ་གཉིས་ཀྱི་སྙན་སྒྲོན་ལ་དམ་པོར་དམིགས་ནས་རང་ལྗོངས་ཀྱི་སྲིད་གྲོས་ཀྱི་དོན་དངོས་གནས་ཚུལ་གཞིར་བཟུང་། རིགས་ཁོངས་ཁག་གི་ཚོགས་ཆུང་གྲོས་བསྡུར་ནང་འགན་སྒྲུབ་གཏམ་བཤད་ལྷུག་པོར་གནང་ཞིང་། འདི་ནི་རང་ལྗོངས་ཀྱི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཐུབ་བསྟན་མཁས་གྲུབ་ཀྱིས་གཏམ་བཤད་གནང་བཞིན་པ།

    ཟླ་5ཚེས་24ཉིན་གྱི་ཕྱི་དྲོ། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པས་རིགས་ཁོངས་དབྱེ་ནས་ཚོགས་ཆུང་གི་གྲོས་བསྡུར་བྱས་ཤིང་། འདི་ནི་རང་ལྗོངས་ཀྱི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་བློ་བཟང་བསམ་གཏན་གྱིས་ཚོཌ་འདུ་མ་འཚོག་གོང་གཏམ་བཤད་ཡིག་ཆ་གྲ་སྒྲིག་ཚགས་ཚུད་གནང་བཞིན་པ།

    737993_yis_1590728843083_s.jpg

    རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རིང་། རང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་བརྙན་འཕྲིན་དང་། རླུང་འཕྲིན། དྲ་རྒྱ་སོགས་སྨྱན་སྦྱོར་སྣ་ཚོགས་ནས་ཚོགས་ཆེན་གྱི་ཐད་གཏོང་ལྟ་ཉན་བྱས་ཤིང་། འདི་ནི་ཟླ་5ཚེས་22ཉིན་ཇོ་རིའི་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ཇོ་མོ་གླང་མའི་སྒར་ས་ཆེ་མོར་ཡུལ་སྐོར་བ་དང་མཉམ་དུ་ལག་ཐོགས་ཁ་པར་ནས་ཚོགས་འདུ་གཉིས་ཀྱི་ཐད་གཏོང་ལ་ལྟ་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།