དབུ་ཤོག>ཆེད་སྒྲིག
  • མངའ་རིས་ས་ཁུལ་གྱི་ལས་རིགས་སློབ་གྲྭས་ལས་རིགས་སློབ་གསོར་བརྟེན་ནས་དབུལ་སྒྲོལ་གྱི་ནང་སྐྱེས་སྒུལ་ཤུགས་འཕེལ་བར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-05-30

     དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་སྤེལ་ཚུན། མངའ་རིས་ས་ཁུལ་གྱི་ལས་རིགས་སློབ་གྲྭས་དབུལ་སྒྲོལ་འགག་སྒྲོལ་དོན་ཆེན་ཨང་དང་པོར་བརྩི་བ་དང་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ལ་བརྩིས་ནས་དམ་འཛིན་ནན་པོ་བྱས་ཏེ་ཞིང་འབྲོག་པའི་དབུལ་སྒྲོལ་གྱི་བསམ་བློའི་སློབ་གསོ་དང་། སློབ་མ་བསྡུ་བ་དང་ལས་ཞུགས། ཁ་གཏད་རོགས་སྐྱོར་དང་ཞིང་འབྲོག་པའི་དུས་ཐུང་གསོ་སྦྱོང་སོགས་ཐད་ནས་འགོ་བཙུགས་ཏེ། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཏན་ཏིག་ངང་སྤེལ་བས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ལས་དོན་ལ་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་ཡོད་པ་རེད།

    “དབུལ་སྐྱོར་བྱེད་པར་སྔོན་ལ་བློ་སྐྱོར་བྱས་ཏེ་དབུལ་ཕོངས་ཀྱི་འཁོར་སྦྲེལ་མཐའ་གཅིག་ཏུ་མེད་པ་བཟོ་བའི”སྤྱིའི་བསམ་ཕྱོགས་གཞིར་བཟུང་། སློབ་གསོའི་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་སློབ་གསོ་བརྒྱུད་ས་ཁུལ་དབུལ་པོ་དང་ཁྱིམ་ཚང་དབུལ་པོའི་རང་ངོས་འཕེལ་རྒྱས་གཏོང་ནུས་ཆེ་རུ་ཕྱིན་པ་རེད། ལོ་4ཡི་ནང་རིམ་རྩིས་ལྟར་ན་སློབ་མ་1127བསྡུས་པའི་ཁྲོད་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སློབ་མ་261བསྡུས་པ་དང་ཆེད་དོན་སློབ་མ་34ལས་ཞུགས་སྔོན་ལ་ཐུབ་རྒྱུའི་འོས་སྦྱོར་བྱས་པ་རེད།

    མིག་སྔའི་ལས་ཀའི་དོན་དངོས་གནས་ཚུལ་གཞིར་བཟུང་། ཞིང་འབྲོག་པ་དབུལ་པོར་ཕྱོགས་པའི་སྤྱི་ཕན་རང་བཞིན་གྱི་ལས་གནས་གཞན་སྒྱུར་བྱས་པ་དང་། ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོར་ཕྱོགས་ནས་ལས་མི་བསྡུས་ཏེ་ལས་གནས་མཁོ་འདོན་བྱས་པ་དང་འབྲེལ། བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་བརྒྱབ་ནས་མང་ཚོགས་དབུལ་པོར་རང་སྟོབས་རང་འཕེལ་བྱེད་དགོས་པའི་ཁྲིད་སྟོན་དང་སྐུལ་ལྕག་བྱས་ཡོད། སློབ་གྲྭའི་བདེ་སྲུང་དང་། གད་པ། སྔོ་འགྱུར་ལས་བཟོ་སོགས་ཁྱོན་ལས་གནས་19བཀོད་སྒྲིག་བྱས་པ་དང་། ཁང་ལེ་ཁུལ་གསར་དུ་དཀའ་ངལ་ཡོད་པའི་མང་ཚོགས་7བཀོད་སྒྲིག་བྱས་པ་རེད།

    ཞིང་འབྲོག་པའི་རྩལ་ནུས་དུས་ཐུང་གསོ་སྦྱོང་བྱེད་སྒོ་ཤུགས་ཆེན་སྤེལ་ཏེ་རྩལ་ནུས་གསོ་སྦྱོང་དང་བསམ་བློ་དབུལ་སྐྱོར་གྱི་སློབ་གསོ་ཟུང་འབྲེལ་གྱིས་རྒྱ་ཆེའི་ཞིང་འབྲོག་པར་རང་སྟོབས་རང་འཕེལ་དང་རང་བརྟེན་ལས་འདེམས་བྱེད་དགོས་པའི་ཁྲིད་སྟོན་རྒྱ་ཁྱབ་བྱས་པ་རེད། ལོ་4ཡི་རིང་། ཞིང་འབྲོག་པའི་གསོ་སྦྱོང་དུས་ཐེངས་24བཀོད་སྒྲིག་བྱས་པ་དང་། དུད་ཚང་667གྱི་མི་1698ལ་གསོ་སྦྱོང་ལ་ཞུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།