
ཟླ་5ཚེས་27ཉིན། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གྲོལ་ཞིང་། འདི་ནི་ཚོགས་འདུ་གྲོལ་རྗེས་བོད་ཀྱི་ཨུ་ཡོན་རྣམས་མི་དམངས་ཚོགས་ཁང་ཆེ་མོ་ནས་ཕེབས་བཞིན་པ།

རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་མཁན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་དམངས་དོན་ཁྲིམས་གཞུང་གི་འཆར་ཟིན་ལ་དམིགས་ནས་གྲོས་ཞིབ་ནན་ཏན་དང་གྲོས་བསྡུར་འཁྲུག་པོ་གནང་བ་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཧྥང་ཡན་གྱིས་ད་རེས་མི་དམངས་འཐུས་ཚབ་ལ་གྲོས་ཞིབ་བྱ་རྒྱུར་ཕུལ་བའི་དམངས་དོན་ཁྲིམས་གཞུང་གི་འཆར་ཟིན་གྱིས་དོ་གནད་དང་དོ་ཁུར་བྱ་ཡུལ་ལ་དོ་སྣང་དང་ཕྱོགས་ཡོངས་ནས་མི་དམངས་ཀྱི་དབང་ཆ་སྲུང་སྐྱོང་བྱས་པས། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྐུལ་འདེད་གཏོང་རྒྱུའི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་གསུངས་པ་རེད།

ཟླ་5ཚེས་27ཉིན། པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོའི་གསར་འགྱུར་ཡོངས་བསྒྲགས་ཐིང་གིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི“ཨུ་ཡོན་བགྲོད་ལམ”གྱི་བཅར་འདྲིའི་བྱེད་སྒོ་ཐེངས་གསུམ་པ་གཉེར་བ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་དྲ་རྒྱ་དང་བརྙན་ལམ་ཐོག་ནས་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་གནང་བ་རེད།