རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། འབྲི་རུ་རྫོང་ཆགས་རྩེ་ཤང་ནགས་ཐུང་གྲོང་ཚོའི་ཀྲི་པུའི་ཧྲུའུ་ཅི། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཚེ་རིང་མཚོ་བརྟན་གྱིས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞིག་གི་ངོས་ནས་ཆབ་སྲིད་ཀྱི་སྙན་གྲགས་དང་ཞབས་ཞུ་ཁོ་ན་མ་ཡིན་པར། དེ་བས་གལ་འགངས་ཆེ་བ་ནི་ཕྲག་སྟེང་དུ་འཁུར་བའི་འགན་འཁྲི་དང་ལས་འགན་དེ་རེད་ཅེས་གསུངས།
གཞི་རིམ་ཞིང་འབྲོག་ཁུལ་ནས་ཡིན་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚེ་རིང་མཚོ་བརྟན་གྱིས། བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པར་ངེས་པར་དུ་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པ་གསལ་པོར་ཤེས་ཀྱི་ཡོད། “‘ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི’བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་འགོ་ཚུགས་རྗེས། རང་ཉིད་ཀྱིས་འཕྲལ་མར་གྲོང་མི་སྒྲིག་འཛུགས་བྱས་ཏེ་ངེད་གྲོང་ཚོའི་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ཚོགས་འདུ་འཚོགས་པ་དང་། གྲོང་ཚོ‘ཨུ་ལྷན་གཉིས’ཀྱི་ཚན་ཁག་གི་ཁོངས་མི་དང་ཏང་ཡོན་སྒྲིག་འཛུགས་བྱས་ནས་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་པ། བརྗོད་དོན་གཙོ་བོའི་སློབ་གསོའི་སློབ་སྦྱོང་གི་ནང་དོན་དང་དམིགས་ཚད་བཀོད་སྒྲིག་བྱས་པ་དང་ཆབས་ཅིག མང་ཚོགས་ཀྱི་འཚོ་བ་དང་ཐོན་སྐྱེད་ཁྲོད་ལྷག་པའི་དཀའ་ངལ་དང་གནད་དོན་ལ་དམ་པོར་དམིགས་ཏེ་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་པ་ཡིན”ཞེས་གསུངས།
“སླད་ཕྱིན་གྱི་ལས་དོན་ཁྲོད་རང་ཉིད་ཀྱིས་མི་དམངས་ཀྱིས་དཀྲིས་པའི་དབང་ཆར་སྔར་བས་གཅེས་སྤྲས་བྱས་ཏེ་རྩ་ཁྲིམས་ཀྱི་འདུ་ཤེས་དང་། བཅའ་ཁྲིམས་ཀྱི་འདུ་ཤེས། མི་དམངས་འཐུས་ཚོགས་ཀྱི་འདུ་ཤེས་བཅས་ཟབ་ཏུ་གཏོང་བ་དང་། རང་ངོས་ཀྱི་སྤྱི་ཡོངས་ཀྱི་བྱང་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ། འདྲི་རྩད་དང་བརྟག་ཞིབ་གཏིང་ཟབ་བྱེད་པ། དམངས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློ་འཚོལ་བསྡུ་བྱེད་པ་བཅས་ཀྱི་ཐོག་ནས་ཐབས་འདོན་ཇུས་འདོན་ཧུར་ཐག་བྱ་རྒྱུ་ཡིན”ཞེས་ཚེ་རིང་མཚོ་བརྟན་གྱིས་གསུངས་པ་དང་། ཁོང་གིས་རང་ཉིད་ལ་འགན་འཁྲི་ཡག་པོ་སྒྲུབ་ཐུབ་པའི་གདེང་ཚོད་ཡོད་ལ། མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བར“རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི”གཟི་བརྗིད་མཚན་སྙན་དེ་ཕྲག་ཐོག་ཏུ་ཏན་ཏིག་འཁུར་རྒྱུ་ཡིན་ཞེས་གསུངས།