དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་རྒྱག་འགོ་ཚུགས་ཚུན། ཆབ་མདོ་གྲོང་ཁྱེར་གྱིས་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་དབུལ་སྒྲོལ་གྱི་རྩ་བར་བརྩི་བ་དང་འབྲེལ་ལས་ཞུགས་གཞན་སྒྱུར་དང་། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར། སྣོད་བཅུད་དབུལ་སྐྱོར་སོགས་ཀྱི་བྱེད་ཐབས་སྣ་ཚོགས་སྤྱད་དེ་མི་འབོར་དབུལ་པོར་དབུལ་སྒྲོལ་བྱེད་རོགས་བྱས་ཡོད། 2016ལོ་ནས་བཟུང་། ཆབ་མདོ་གྲོང་ཁྱེར་གྱིས་རིམ་རྩིས་བྱས་ན་དུད་ཚང་ཁྲི་3.84དང་མི་ཁྲི་19.46དབུལ་ཕོངས་ཉུང་གཏོང་དང་གྲོང་ཚོ་དབུལ་པོ་1127དབུལ་སྒྲོལ་ཐུབ་པ་བྱས་ཡོད། 2019ལོར་ཆབ་མདོ་གྲོང་ཁྱེར་དུ་གྲོང་ཁྱེར་ཡོངས་ཀྱི་རྫོང(ཆུས)11གི་དབུལ་པོ་དབུལ་རྐྱང་གཞི་རྩའི་ཆ་ནས་སེལ་བའི་སྔོན་དཔག་དམིགས་ཚད་མངོན་འགྱུར་བྱུང་ཡོད།

གཡོན་གྱི་པར་ནི་བཀོད་སྒྲིག་བྱ་ཡུལ་གྱི་མདུན་དུ་ཡོད་པའི་ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་སྐྱ་རི་ཤང་སྐྱིད་ར་གྲོང་ཚོའི་གྲོང་མི་ཚེ་རིང་མཚོ་མོ་དང་བུ་འཇམ་དབྱངས་ནོར་བུ་ཡིན་པ། གཡས་ཀྱི་པར་ནི་དཔའ་ཤོད་རྫོང་གནས་རབ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་གྱི་ཟུར་ཞིག་ཡིན་པ།
2018ལོར་ཚེ་རིང་མཚོ་མོ་དང་ནང་མི་ཚོ་གནས་རབ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་གྱི་སྨི་ངོས་གྲུ་75ཙམ་ཡོད་པའི་སྡོད་ཁང་གསར་པའི་ནང་སྤོས་ཤིང་། ཚེ་རིང་མཚོ་མོས་བཀོད་སྒྲིག་བྱ་ཡུལ་གྱི་གཙང་སྦྲ་བྱས་པར་ཟླ་རེར་ཡོང་འབབ་སྒོར་1900ཙམ་ཡོད།

གཡོན་གྱི་པར་ནི་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་སྤང་མདའ་ཤང་འབུམ་ནས་གྲོང་ཚོའི་གྲོང་མི་ལྷ་མོ་སྒྲོལ་མ་ཡིན་པ། གཡས་ཀྱི་པར་ནི་ལྷ་མོ་སྒྲོལ་མས་སྨར་ཁམས་རྫོང་ནགས་ལས་ཐོན་ལས་དབུལ་སྐྱོར་སྡོང་ཕྲུག་རྟེན་གཞིར་ལས་ཀ་བྱེད་བཞིན་པ།
2020ལོར་གྲོགས་པོས་ངོ་སྤྲོད་བྱས་པ་བརྒྱུད་ལྷ་མོ་སྒྲོལ་མ་སྡོང་ཕྲུག་རྟེན་གཞིར་ལས་ཀ་བྱས་པར་ཉིན་རེར་ཡོང་འབབ་སྒོར་120ཡོད་ཅིང་། སྡོང་ཕྲུག་རྟེན་གཞིས་ད་དུང་ཉེ་འགྲམ་གྱི་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་གྱི་མང་ཚོགས་80ལྷག་ཙམ་ལས་ཞུགས་བརྟན་པོ་བྱེད་རོགས་བྱས་ཡོད།

གཡོན་གྱི་པར་ནི་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྤོ་ལོ་ཤང་ཝེ་འཕྲང་གྲོང་ཚོའི་གྲོང་མི་ཚེ་འཕེལ་ཡིན་པ། གཡས་ཀྱི་པར་ནི་འཇོ་མདའ་རྫོང་སྤོ་ལོ་ཤང་ཤིང་བརྐོས་མི་རིགས་ལག་ཤེས་སྒྱུ་རྩལ་ཚད་ཡོད་འགན་འཁྲི་ཀུང་སིར་ཚེ་འཕེལ(གཡོན)གྱིས་དགེ་ཕྲུག་ལ་མཛུབ་ཁྲིད་བྱེད་བཞིན་པ།
ཚེ་འཕེལ་ནི་ཡུལ་དེ་གར་སྐད་གྲགས་ཡོད་པའི་སྤོ་ལོའི་ཡུལ་གྱི་ཤིང་བརྐོས་སྒྱུ་རྩལ་པ་ཞིག་ཡིན། སྤོ་ལོའི་ཡུལ་གྱི་ཤིང་བརྐོས་ལག་རྩལ་འཛིན་སྐྱོང་སྤེལ་གསུམ་བྱ་ཆེད། ཉེ་བའི་ལོ་ཤས་རིང་། འཇོ་མདའ་རྫོང་གིས་སྤོ་ལོ་ཤང་ཤིང་བརྐོས་མི་རིགས་ལག་ཤེས་བཟོ་རྩལ་ཚད་ཡོད་འགན་འཁྲི་ཀུང་སི་བཙུགས་པ་རེད། ཚེ་འཕེལ་གྱིས་དགེ་ཕྲུག་བཅུ་གྲངས་གསོ་སྐྱོང་བྱས་པ་དང་ད་ཆ་ཁོ་ཚོ་ཡང་ཤིང་བརྐོས་སྒྱུ་རྩལ་པར་གྱུར་ནས་མི་རེར་ཟླ་རེར་ཡོང་འབབ་སྒོར་4000ལྷག་རག་གི་ཡོད།

གཡོན་གྱི་པར་ནི་ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་ལྷ་ཐོ་ཤང་རྫོང་པ་གྲོང་ཚོའི་གྲོང་མི་རྡོ་རྗེ་ཡིན་པ། གཡས་ཀྱི་པར་ནི་གོ་འཇོ་རྫོང་ཨ་དབང་ཤང་གི་འབྲོག་རར་རྡོ་རྗེས་ལུག་གསོ་ཚགས་དུད་ཚང་ཆེ་མོར་ལུག་འཚོ་རོགས་བྱེད་བཞིན་པ།
རྡོ་རྗེའི་ཁྱིམ་ལ་ལུག་20དང་འབྲི་གཡག་མགོ་གྲངས་10ཡོད་པ་དང་། དེ་གོང་གྲོང་ཚོའི་ནང་ཕྱུགས་འཚོ་བཞིན་ཡོད། 2019ལོར་ཁོང་ཨ་དབང་ཤང་དུ་བསྐྱོད་དེ་ལུག་གསོ་ཚགས་དུད་ཚང་ཆེ་མོར་ཕྱུགས་འཚོ་རོགས་བྱས་པར་ཟླ་རེར་ཡོང་འབབ་སྒོར་3900ཡོད།

གཡོན་གྱི་པར་ནི་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་སྤང་མདའ་ཤང་འབུམ་ནས་གྲོང་ཚོའི་བཀོད་སྒྲིག་བྱ་ཡུལ་གྱི་ཐོག་བརྩེགས་ཁང་ཆེན་གྱི་མདུན་དུ་ཡོད་པའི་གྲོང་མི་བློ་བཟང་ཚེ་རིང(གཡོན)དང་བཟའ་ཟླ་བཀྲ་ཤིས་ལྷ་མོ་ཡིན་པ། གཡས་ཀྱི་པར་ནི་སྨར་ཁམས་རྫོང་ཟླ་གོང་སྟེང་བཀོད་སྒྲིག་ཁུལ་གྱི་ཟུར་ཞིག་ཡིན་པ།2018ལོར་བློ་བཟང་ཚེ་རིང་གི་ཁྱིམ་ཚང་འབུམ་ནས་གྲོང་ཚོ་ནས་ཟླ་གོང་སྟེང་བཀོད་སྒྲིག་བྱ་ཡུལ་དུ་སྤོས་པས་གྲོང་ཚོའི་ས་རྡོ་དང་ཤིང་ལས་གྲུབ་པའི་སྡོད་ཁང་ནས་ཁ་བྲལ་ཏེ་རྒྱ་ཁྱོན་སྨི་ངོས་གྲུ་100ཡོད་པའི་བཀོད་སྒྲིག་བྱ་ཡུལ་གྱི་སྡོད་ཁང་གསར་པར་སྤོས་པ།

གཡོན་གྱི་པར་ནི་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཁ་རུབ་གྲོང་རྡལ་ཁ་རུབ་གྲོང་ཚོའི་གྲོང་མི་བློ་བཟང་རྣམ་སྒྲོལ་ཡིན་པ། གཡས་ཀྱི་པར་ནི་བློ་བཟང་རྣམ་སྒྲོལ་གྱིས་ཆབ་མདོ་གྲོང་ཁྱེར་གྱི་ཨར་སྐྲུན་བྱ་ཡུལ་ཞིག་ཏུ་གྱང་ངོས་ལ་ཚོན་གཏོང་བཞིན་པ།
བློ་བཟང་རྣམ་སྒྲོལ་ཆུང་དུས་ནས་རི་མོ་འབྲི་རྒྱུར་དགའ་པོ་ཡོད་པས་སྔ་བར་ཕྱི་གསུམ་དུ་རི་མོ་འབྲི་རྒྱུའི་ཕུགས་བསམ་བློས་གཏོང་མྱོང་མེད། ཕྱིས་སུ་བློ་བཟང་རྣམ་སྒྲོལ་ཁ་རུབ་ཆུས་ལྷ་ཐོ་ཤང་དུ་ཐང་ག་སྦྱོང་བར་བསྐྱོད། 2017ལོར་བློ་བཟང་རྣམ་སྒྲོལ་གྱིས་ཁ་རུབ་ཆུས་ཀྱི་ལས་ཤག་འཛུགས་སྐྲུན་རྣམ་གྲངས་ཤིག་གི་གྱང་ངོས་ལ་ཚོན་གཏོང་བའི་འགན་འཁུར། 2018ལོར་གྲོང་ཚོའི་རྒྱབ་སྐྱོར་འོག་བློ་བཟང་རྣམ་སྒྲོལ་གྱིས་ཀུང་སི་བཙུགས་ཏེ་བོད་ཁང་ལ་ཚོན་གཏོང་བའི་ལས་གྲྭ་མང་པོ་ཞིག་འགན་གཙང་བླངས་ཡོད།