རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་འཚོགས་པ་དང་ཆབས་ཅིག རང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་ཚོགས་འདུ་གཉིས་ཀྱི་ཐད་གཏོང་ལེ་ཚན་ལྟ་ཉན་བྱས་ནས། རང་ཉིད་དང་འབྲེལ་བ་དམ་ཟབ་ཡོད་པའི་འབྲེལ་ཡོད་སྲིད་ཇུས་ཤེས་རྟོགས་བྱས་པ་རེད།
ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་སྲིད་གཞུང་གི་ལས་དོན་མི་སྣ་ཕུར་བུ་དབང་འདུས་ཀྱིས“སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་ཧ་ཅང་གལ་འགངས་ཆེན་པོ་རེད། ང་ཚོས་ངེས་པར་དུ་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་འཐབ་ཇུས་ངེས་ཤུགས་རྒྱུན་འཁྱོངས་བྱས་ནས། སྣོད་བཅུད་སྔོན་དུ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་སྟོན་ཕྱོགས་བརྟན་པོ་འཛུཌ་པ་དང་། ནམ་མཁའ་གཡའ་དག་པ་དང་། ཆུ་མོ་དྭངས་བ། ས་གཞི་རྡུལ་དག་བཅས་ཀྱི་སྲུང་སྐྱོང་དམག་འཐབ་རྒྱུན་མཐུད་ཡག་པོ་བརྒྱབ་སྟེ། གངས་ལྗོངས་ས་མཐོའི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྔར་བས་བརྟན་དུ་གཏོང་དགོས”ཞེས་བརྗོད་པ་རེད།