སྲིད་གྲོས་དཔལ་འབྱོར་ལས་རིགས་ཨུ་ལྷན་མཉམ་འབྲེལ་ཚོགས་ཆུང་ཚོགས་འདུའི་ཐོག་གནང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱས་རྗེས། མངའ་རིས་ས་ཨུད་དྲིལ་བསྒྲགས་པུའི་ལས་བྱེད་པ་ལིའུ་ཞུའེ་ཆིང་གིས“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ཉན་རྗེས་རང་ཉིད་ཀྱིས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་རྒྱུར་ཡིད་ཆེས་ཀྱིས་ཁེངས་སོང་། གཞི་རིམ་གྱི་དྲིལ་བསྒྲགས་ལས་བྱེད་པ་ཞིག་གི་ངོས་ནས་ཁོ་བོས་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། མངའ་རིས་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའི་འགོ་ཁྲིད་འོག་རང་འཁྲིའི་ལས་དོན་ཡག་པོ་བསྒྲུབས་པ་དང་ཆབས་ཅིག ད་ཐེངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་མཐའ་མའི་རྒྱལ་ཁ་ལེན་པའི་དམིགས་ཚད་ལས་འགན་བསྒྲུབ་ཐུབ་པའི་འགན་ལེན་བྱ་རྒྱུ་ཡིན”ཞེས་བརྗོད།