དབུ་ཤོག>ཆེད་སྒྲིག
  • ཞི་ཅིན་ཕིང་གི་ལེགས་བཤད། དབུལ་སྒྲོལ་འགག་སྒྲོལ་སྐོར།(12)

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2020-05-27

    微信图片_20200525104558.jpg

    ད་ཆ། དབུལ་སྐྱོར་འགག་སྒྲོལ་ལས་དོན་ཁྲོད་ཀྲུང་གོས་སྤྱད་པའི་བྱེད་ཐབས་གལ་ཆེན་ནི་གནད་སྨིན་དབུལ་སྐྱོར་བྱེད་པའི་ཐབས་ཇུས་ལག་བསྟར་བྱས་ནས“དབུལ་པོ་ཆགས་རྐྱེན”བཙལ་ཏེ་བྱེད་ཐབས་ནུས་ལྡན་སྤྱོད་པ་དང་དམིགས་འབེན་རོགས་སྐྱོར་བྱེད་པ་དེ་རེད། ང་ཚོས་ཀྲུང་གོའི་ལམ་ལུགས་ཀྱི་ལེགས་ཆ་མཐའ་འཁྱོངས་ཀྱིས་ཞིང་ཆེན་དང་། གྲོང་ཁྱེར། རྫོང་། ཤང་། གྲོང་ཚོ་བཅས་རིམ་པ་ལྔས་མཉམ་དུ་དབུལ་སྐྱོར་ལ་དམ་འཛིན་བྱས་ནས་རིམ་པ་བཞིན་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་གྱི་བཅོས་སྐྱོང་རྣམ་པ་ཞིག་གཏོད་ཡོད། ང་ཚོས་གནད་སྨིན་དྲུག་ལ་དམ་འཛིན་བྱེད་རྒྱུར་མཐོང་ཆེན་བྱས་ཏེ་དབུལ་སྐྱོར་བྱེད་ཡུལ་གནད་སྨིན་དང་། རྣམ་གྲངས་བཀོད་སྒྲིག་གནད་སྨིན། མ་དངུལ་བེད་སྤྱོད་གནད་སྨིན། བྱ་ཐབས་དུད་ཚང་ལ་དོན་འཁྱོལ་གནད་སྨིན། གྲོང་ཚོར་བསྟུན་ནས་མི་སྣ་མངགས་གཏོང་གནད་སྨིན། དབུལ་སྒྲོལ་གྲུབ་འབྲས་གནད་སྨིན་བཅས་བྱས་ནས་སྲིད་ཇུས་ཁག་གི་ལེགས་ཆ་དབུལ་སྐྱོར་བྱེད་ཡུལ་དུ་དོན་འཁྱོལ་ཐུབ་པའི་འགན་ལེན་བྱས་ཡོད། ང་ཚོས་རིགས་དབྱེ་ཇུས་འདོན་མཐའ་འཁྱོངས་བྱས་ཏེ་མི་སྣ་དང་ཡུལ་བབ་ལ་བསྟུན་ནས་ཇུས་འདོན་དང་། དབུལ་པོ་ཆགས་རྐྱེན་ལ་བསྟུན་ནས་ཇུས་འདོན། དབུལ་པོའི་རིགས་ལ་བསྟུན་ནས་ཇུས་འདོན་བཅས་བྱས་ཏེ། ཁག་གཅིག་ཐོན་སྐྱེད་དང་ལས་ཞུགས་ལ་རོགས་སྐྱོར་བྱས་ནས་འཕེལ་རྒྱས་གཏོང་བ་དང་། ཁག་གཅིག་ཡུལ་གཞན་དུ་གནས་སྤོས་བྱས་ནས་བཀོད་སྒྲིག་བྱེད་པ། ཁག་གཅིག་སྣོད་བཅུད་སྲུང་སྐྱོང་བྱས་ནས་དབུལ་སྒྲོལ་བྱེད་པ། ཁག་གཅིག་སློབ་གསོའི་རོགས་སྐྱོར་བྱས་ནས་དབུལ་སྒྲོལ་བྱེད་པ། ཁག་གཅིག་མ་མཐའི་འགན་ལེན་གྱི་སྲིད་ཇུས་ལག་ལེན་བསྟར་ནས་ཐ་སྐྱོང་བྱེད་པ་བཅས་བྱས་ཡོད།

    —2015ལོའི་ཟླ་10ཚེས་16ཉིན། 2015ལོའི་དབུལ་པོ་ཉུང་གཏོང་དང་འཕེལ་རྒྱས་ཀྱི་མཐོ་རིམ་གླེང་སྟེགས་ཀྱི་བཞེད་དོན་གཙོ་བོའི་གསུང་བཤད་ལས་དྲངས།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།