དབུ་ཤོག>ཆེད་སྒྲིག
  • འཐུས་མི་དང་ཨུ་ཡོན་ཚོས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་སྤྱི་འདོམས་བྱེད་པའི་སྐོར་ལ་ཐབས་ཇུས་འདོན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2020-05-27

    འདི་ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་མཇུག་བསྡུའི་ལོ་ཞིག་ཡིན་ལ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཕུ་ཐག་གཅོད་པའི་ལོ་ཞིག་ཀྱང་རེད། གློ་བུར་དུ་ཐོན་པའི་ཏོག་གསར་གློ་ཚད་ཀྱི་རིམས་ནད་ལས་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྡབ་རྡེག་ཕོག་ཡོད། ཇི་ལྟར་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ལ་སྤྱི་འདོམས་བྱེད་པ་དང་ལོ་འཁོར་མོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་བྱ་རྒྱུ་དེ་རྒྱལ་ཡོངས་ཀྱིས་དོ་ཁུར་བྱེད་པའི་མདོ་གནད་ཅིག་རེད། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རིང་འཐུས་མི་དང་ཨུ་ཡོན་ཚོས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་སྤྱི་འདོམས་བྱེད་པའི་སྐོར་ལ་ཐབས་འདོན་ཇུས་འདོན་གནང་བ་རེད།

    736654_yis_1590469068254_s.jpg

    རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ལིའུ་ཡུང་ཧའོ་ཡིས་ཐབས་བརྒྱ་ཇུས་སྟོང་ངང་ཁྲོམ་རའི་བྱེད་པོ་བརྟན་པོ་ཡོང་བ་བྱས་ཏེ་གསར་འཕར་དངུལ་བུན་དེ་དག་དམངས་གཉེར་ཁེ་ལས་དང་ཁེ་ལས་འབྲིང་བ་དང་ཕྲན་ཚེགས་ཁེ་ལས་ལ་དེ་བས་མང་བ་གཏོང་བ་དང་སྲིད་ཇུས་དོན་འཁྱོལ་བྱེད་མགྱོགས་སུ་གཏོང་དགོས་པའི་ངོས་འཛིན་གནང་བ།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།