
འདི་ནི་ཟླ་5ཚེས་24ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་བོད་ཀྱི་འཐུས་མི་ཚོགས་པ་ཡིན་པ།

ཟླ་5ཚེས་24ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་བོད་ཀྱི་འཐུས་མི་ཚོགས་པས་ཚང་འཛོམས་གྲོས་ཚོགས་འཚོགས་ནས་དམངས་དོན་ཁྲིམས་གཞུང་གི་འཆར་ཟིན་ལ་གྲོས་ཞིབ་གནང་ཞིང་། འདི་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚེ་རིང་མཚོ་ལྡན(གཡས་ཀྱི་གཉིས་པ)གྱིས་འཐུས་མི་གཞན་དང་སྤེལ་རེས་གནང་བཞིན་པ།

འདི་ནི་ཟླ་5ཚེས་24ཉིན་གྱི་ཕྱི་དྲོར་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པས་རིགས་ཁོངས་དབྱེ་ནས་ཚོགས་ཆུང་གི་ཚོགས་འདུ་འཚོགས་པ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་སྐལ་བཟང་ནོར་བུས་ཚོགས་ཆུང་གི་གྲོས་བསྡུར་ཐོག་གཏམ་བཤད་གནང་བཞིན་པ།

འདི་ནི་ཟླ་5ཚེས་24ཉིན་གྱི་ཕྱི་དྲོར་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པས་རིགས་ཁོངས་དབྱེ་ནས་ཚོགས་ཆུང་གི་ཚོགས་འདུ་འཚོགས་པ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་བསོད་ནམས་ཉི་མས་ཚོགས་ཆུང་གི་གྲོས་བསྡུར་ཐོག་གཏམ་བཤད་གནང་བཞིན་པ།