
གནད་སྨིན་དབུལ་སྐྱོར་བྱེད་སྐབས། དབུལ་སྐྱོར་བྱེད་ཡུལ་ལ་དོ་དམ་ཞིབ་ཚགས་དང་། དབུལ་སྐྱོར་ཐོན་ཁུངས་ལ་བཀོད་སྒྲིག་ཞིབ་ཚགས། དབུལ་སྐྱོར་བྱེད་ཡུལ་ལ་གནད་སྨིན་རོགས་སྐྱོར་བཅས་བྱས་ཏེ། དབུལ་སྐྱོར་གྱི་ཐོན་ཁུངས་དབུལ་སྐྱོར་བྱེད་ཡུལ་དང་ས་ཁུལ་དབུལ་པོར་དངོས་སུ་སྤྱོད་ཐུབ་པའི་འགན་ལེན་བྱེད་དགོས།
——2014ལོའི་ཟླ་3ཚེས་7ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པའི་ཀུའེ་ཀྲོའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་ཀྱི་གསུང་བཤད་ལས་དྲངས།
དབུལ་སྐྱོར་གསར་སྤེལ་གྱི་གཙོ་གནད་གནད་སྨིན་ལ་ཐུག་པ་དང་། འགག་རྩ་གནད་སྨིན་ལ་ཐུག་པ་མ་ཟད། རྒྱལ་ཕམ་ཡང་གནད་སྨིན་ལ་ཐུག་ཡོད། དེས་ན། ས་གནས་ཁག་གིས་དབུལ་སྐྱོར་བྱེད་ཡུལ་གནད་སྨིན་དང་། རྣམ་གྲངས་བཀོད་སྒྲིག་གནད་སྨིན། མ་དངུལ་བེད་སྤྱོད་གནད་སྨིན། བྱ་ཐབས་དུད་ཚང་ལ་དོན་འཁྱོལ་གནད་སྨིན། གྲོང་ཚོར་བསྟུན་ནས་མི་སྣ་མངགས་གཏོང་(ཧྲུའུ་ཅི་དང་པོ)གནད་སྨིན། དབུལ་སྒྲོལ་གྲུབ་འབྲས་གནད་སྨིན་བཅས་ཡོང་བར་ཐབས་ཤེས་བཙལ་ཏེ། ཐབས་མཆོག་དངོས་འདོན་པ་དང་ཕན་འབྲས་ངོ་མ་ཐོན་པ་བྱེད་དགོས། མི་སྣ་དང་ཡུལ་བབ་ལ་བསྟུན་ནས་ཇུས་འདོན་པ་དང་། དབུལ་པོ་ཆགས་རྐྱེན་ལ་བསྟུན་ནས་ཇུས་འདོན་པ། དབུལ་པོའི་རིགས་ལ་བསྟུན་ནས་ཇུས་འདོན་པ། གནས་ཚུལ་མི་འདྲ་བ་དབྱེ་བ་བཅས་བྱས་ནས་བྱེད་ཐབས་ནུས་ལྡན་སྤྱོད་པ་དང་། མ་དངུལ་གནད་ལ་འཕིགས་པོ་གཏོང་བ། དམིགས་འབེན་རོགས་སྐྱོར་བཅས་བྱེད་པ་ལས། མ་དངུལ་གནད་ལ་འཕིགས་པོ་མི་གཏོང་བ་དང་། བརྟག་དཔྱད་མ་བྱས་པར་མ་དངུལ་གཏོང་བ། ཧ་རེ་ཧུ་རེ་བཅས་བྱ་རྒྱུ་མེད།
——2015ལོའི་ཟླ་6ཚེས་18ཉིན། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁག་གཅིག་གི་དབུལ་སྒྲོལ་འགག་སྒྲོལ་དང“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་གི་གསུང་བཤད་ལས་དྲངས།