དབུ་ཤོག>ཆེད་སྒྲིག
  • གྲོང་ཁྱེར་གྱི་དཀའ་ངལ་ཡོད་པའི་ལས་བཟོའི་དཀའ་ངལ་སེལ་ཤུགས་ཆེ་རུ་བཏང་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་སྐུལ་སྤེལ་ཏན་ཏིག་གཏོང་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-05-23

    “སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་བསྟན་དོན། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས། རྫོང་དབུལ་པོ་དང་གྲོང་ཚོ་དབུལ་པོ་ལྷག་མ་རྣམས་དབུལ་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཕྱིར་གླ་པ་རྒྱུག་མཁན་ལ་ལས་ཞུགས་བརྟན་པོ་ཡོང་བར་བྱེད་དགོས……”ཞེས་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་བཅའ་ཁྲིམས་འགན་སྲུང་པུའི་པུའུ་ཀྲང་གཞོན་པ་ཝུའུ་ཡན་ཅུན་གྱིས་གསར་འགོད་པར་གསུངས། དེ་ནི་ད་ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལས་ཁོང་ལ་བྱུང་བའི་བག་ཆགས་ཟབ་ཤོས་དེ་རེད།

    ཝུའུ་ཡན་ཅུན་གྱིས། “2020ལོའི་རྒྱལ་ཡོངས་ཚོགས་འདུ་གཉིས་ནི་དམིགས་བསལ་དུས་སྐབས་སུ་འཚོགས་པའི་ཚོགས་འདུ་ཞིག་ཡིན་པ་དང་། རང་རྒྱལ་གྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་དང་དེ་བཞིན་དཔལ་འབྱོར་བརྟན་པོ་དང་རྒྱུན་མཐུད་ངང་འཕེལ་རྒྱས་དང་ཡར་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ཧ་ཅང་གལ་འགངས་ཆེ་བའི་དོན་སྙིང་ལྡན་ཡོད། ང་ཚོས་རང་སྐྱོང་ལྗོངས་ཏང་ཨུད་དང་རྒྱལ་ཡོངས་བཟོ་ཚོགས་ཀྱི་ལས་ཀའི་བླང་བྱ་ལྟར། ངེས་གནས་ཡང་དག་པར་འཚོལ་བ་དང་ལེགས་ཆ་འདོན་སྤེལ་གྱིས་རང་འགན་གཙང་སྒྲུབ་བྱས་ཏེ། གྲོང་ཁྱེར་གྱི་དཀའ་ངལ་ཡོད་པའི་ལས་བཟོའི་དཀའ་ངལ་སེལ་ཤུགས་ཆེ་རུ་བཏང་ནས་ལྗོངས་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པར་འབུལ་འོས་པའི་ལེགས་སྐྱེས་འབུལ་རྒྱུ་ཡིན། དེ་དང་དུས་མཚུངས་སུ་ང་ཚོས་《གྲོང་ཁྱེར་གྱི་དཀའ་ངལ་ཡོད་པའི་ལས་བཟོའི་དཀའ་སེལ་དང་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞིའི》ནང་བཏོན་པའི་བྱེད་ཐབས་ཁག་སྣེ་ཁྲིད་མཐུན་སྦྱོར་དང་དོན་འཁྱོལ་ཡག་པོ་བྱེད་པ་དང་། མཉམ་ལས་ལ་ཤུགས་སྣོན་དང་ཇུས་ཤུགས་མཉམ་འདོན་བྱེད་པ། དཀའ་ངལ་ཡོད་པའི་ལས་བཟོའི་ནང་མི་ལས་ཞུགས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ལས་ཞུགས་རྒྱ་སྐྱེད་ལ་བརྟེན་ནས་དཀའ་ངལ་སེལ་བ་བཅས་བྱས་ཏེ་གྲོང་ཁྱེར་གྱི་དཀའ་ངལ་ཡོད་པའི་ལས་བཟོའི་དཀའ་ངལ་སེལ་བའི་ལས་དོན་གང་ལེགས་བསྒྲུབ་རྒྱུ་མ་ཟད། ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་མངགས་བཅོལ་ཟབ་མོ་དང་དཀའ་ངལ་ཡོད་པའི་ལས་བཟོའི་རེ་སྒུག་ཆུད་ཟོས་སུ་གཏོང་གི་མིན”ཞེས་གསུངས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།