
ཤར་རྒྱུད་དང་ནུབ་རྒྱུད་དབུལ་སྐྱོར་མཉམ་ལས་བྱས་ཏེ“གཞན་བརྟེན”ནས“རང་བརྟེན”དུ་འགྱུར་བ་བྱེད་དགོས།
དུས་བབ་གསར་པའི་འོག་ཤར་རྒྱུད་དང་ནུབ་རྒྱུད་དབུལ་སྐྱོར་མཉམ་ལས་དང་ཁ་གཏད་རོགས་སྐྱོར་དེ་“གཞན་བརྟེན”ནས“རང་བརྟེན”དུ་འགྱུར་རྒྱུར་དོ་སྣང་བྱས་ནས་གཉིས་ཁེ་གཉིས་ཕན་དང་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བ་བྱེད་དགོས། ནུབ་རྒྱུད་ས་ཁུལ་གྱི་ཐོན་ལས་ཀྱི་འདེགས་སྐྱོར་དང་སྐུལ་ཁྲིད་ནུས་པ་ཆེན་པོ་མེད་ལ་རང་བརྟེན་ནུས་པ་བལྟོས་བཅས་ཀྱིས་ཞན་ཙམ་ཡོད་པས། སྔོན་ཆད་ཀྱི་ཕྱོགས་རྐྱང་པ་དང་། དུས་ཚོད་ཐུང་བ། སྐྱོབ་གསོ་རྣམ་པ་བཅས་ཀྱི་རྒྱུ་དངོས་ཁོ་ནའི་རོགས་སྐྱོར་ལ་བརྟེན་ཚེ་གནད་དོན་རྦད་དེ་ཐག་གཅོད་ཐུབ་ཁག་པོ་རེད།
དབུལ་སྐྱོར་མ་དངུལ་ནི་མང་ཚོགས་དབུལ་པོའི“སྲོག་སྐྱོབ་དངུལ”ཡིན་པས། སྐར་ལི་ཙམ་ཡང་གང་བྱུང་སྤྱོད་མི་རུང་།
དབུལ་སྐྱོར་མ་དངུལ་ནི་མང་ཚོགས་དབུལ་པོའི“སྲོག་སྐྱོབ་དངུལ”ཡིན་པས། སྐར་ལི་ཙམ་ཡང་གང་བྱུང་སྤྱོད་མི་རུང་ལ། འཐེན་འཕྲི་དང་ལྐོག་ཟ་དེ་བས་བྱེད་མི་རུང་། དབུལ་སྐྱོར་མ་དངུལ་ཡོངས་བསྒྲགས་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་རྩིས་བཤེར་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དབུལ་སྐྱོར་ཁྱབ་ཁོངས་ཀྱི་ལས་ཐོག་ཉེས་གསོག་ལ་གཅིག་སྡུད་བཅོས་སྒྲིག་དང་ཞིབ་བཤེར་ཐག་གཅོད་བྱས་ཏེ། དབུལ་སྐྱོར་མ་དངུལ་བདག་བཟུང་དང་། གཞན་སྤྱོད། རིམ་པ་བཞིན་བཀག་སྐྱིལ། རྫུན་ཞུ་རྫུན་ལེན། བག་མེད་ལོངས་སྤྱོད་བཅས་བྱས་རིགས་ལ་ཁྲིམས་ཆད་ནན་པོ་གཅོད་དགོས།
——2018ལོའི་ཟླ་2ཚེས་12ཉིན་ཞི་ཅིན་ཕིང་གིས་གནད་སྨིན་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་རྒྱག་རྒྱུའི་སྐོར་གྱི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ལས་དྲངས།