རུ་བཞི་ཤང་གཡོ་རི་དུང་གྲོང་ཚོ་ནི་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་དང་བར་ཐག་སྤྱི་ལེ་8ལྷག་ཙམ་ཆོད་པའི་མཚམས་སུ་གནས་ཡོད་ཅིང་། ས་མ་འབྲོག་གི་གྲོང་ཚོ་ཆུང་ངུ་ཞིག་རེད།
2010ལོའི་ཟླ་7པར་ད་ལྟ་བོད་སྡོད་དཔུང་སྡེ་ཞིག་གི་རྩ་འཛུགས་ཀུའུ་ཡི་ཀུའུ་ཀྲང་ཡིན་པའི་ཁྲེང་ཞུའེ་ཧྥུང་སློབ་གྲྭ་ཐོན་ཏེ་བོད་དུ་སླེབས་རྗེས་ཁོང་དང་གྲོང་ཚོ་ཆུང་ངུ་དེའི་དབར་གྱི་ལས་འབྲེལ་འགོ་ཚུགས་པ་རེད།
སྐབས་དེར་དཔུང་སྡེ་དེས་ཟླ་རེར་སྦྱོང་བརྡར་ཐེངས་འགའ་ཞིག་བྱེད་ཀྱི་ཡོད་པ་སྟེ། སྒར་ཁུལ་གྱི་རྒྱབ་རི་ནས་གྲོང་ཚོ་ཆུང་ངུ་སྐོར་བ་དང་དེ་ནས་རི་ལམ་བརྒྱུད་ནས་ཕྱིར་ཡོང་གི་ཡོད། གྲོང་ཚོ་བརྒྱུད་དུས་གྲོང་མི་ཚོས་དཔོན་དམག་ཚོར་འཚམས་འདྲི་ཞུ་གི་ཡོད་ལ། བོད་རིཌ་བྱིས་པ་ཚོས་ཀྱང་རང་རྟོགས་ངང་དཔོན་དམག་ཚོར་གུས་འདུད་ཞུ་ཡི་ཡོད།
དང་ཐོག་ཁྲེང་ཞུའེ་ཧྥུང་གིས་བོད་རིགས་སྤུན་ཟླ་ནི་སེམས་རྩ་འཁོལ་པོ་ཞིག་རེད་བསམ་གྱི་ཡོད་མོད། འོན་ཀྱང་འཐབ་གྲོགས་ཚོས་ཁོང་ལ་གནས་འདིའི་མིང་ལ་གཡོ་རི་དུང་གྲོང་ཚོ་ཟེར་གྱི་ཡོད་པ་དང་། ཆབ་མདོའི་ས་ཆ་དབུལ་ཤོས་ཀྱི་གྲས་ཤིག་ཡིན་ལ། གྲོང་ཚོའི་ནང་གི་དུད་ཚང་མང་ཆེ་བ་ནི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཡིན་པས་ཚན་པས་རྟག་པར་ཁོང་ཚོར་དངོས་ཟོག་སྐྱེལ་བ་དང་ཕྲུ་གུ་ཚོར་སློབ་ཚན་གསབ་ཁྲིད་སོགས་བྱེད་ཀྱི་ཡོད། དེ་ལྟར་དུས་ཚོད་རིང་པོ་སོང་རྗེས་གྲོང་མི་ཚོས་ཀྱང་དཔོན་དམག་ཚོར་རང་གི་ནང་མི་ལྟར་བརྩི་ཡི་ཡོད་ཅེས་བཤད།
“ཕྲུ་གུ་ཚོས་ཕ་མ་དང་མཉམ་དུ་ཞིང་ལས་བྱས་ཏེ་གཟུགས་པོ་ཆུང་ཆུང་ཞིག་གིས་ལྗིད་ཏིག་ཏིག་གི་སླེལ་པོ་འཁུར་བཞིན་པ་མཐོང་དུས་སེམས་པ་སྐྱོ་ལྷང་ལྷང་དུ་གྱུར་གྱི་འདུག”ཅེས་ཁྲེང་ཞུའེ་ཧྥུང་གིས་བརྗོད་པ་དང་། 2017ལོ་ནས་བཟུང་ཁོང་གིས་དངོས་སུ་གྲོང་མི་དང་འབྲེལ་འདྲིས་བྱེད་འགོ་ཚུགས་པ་དང་དེ་དུས་ཁོང་གིས་དབུལ་སྐྱོར་ལས་དོན་གྱི་འགན་འཁུར་གྱི་ཡོད་ལ།
རོགས་སྐྱོར་བྱ་ཡུལ་ནི་གཡོ་རི་དུང་གྲོང་ཚོ་རེད། གནས་ཚུལ་གསལ་པོ་ཤེས་རྟོགས་དང་མང་ཚོགས་ཀྱི་དོན་དངོས་གནས་ཚུལ་ལ་ཤེས་རྟོགས་ཞིབ་ཕྲ་བྱ་ཆེད། སྐབས་དེར་ཁྲེང་ཞུའེ་ཧྥུང་དང་ཁོང་གི་ལས་རོགས་ལ་ཁོམ་པ་ཕྲན་བུ་བྱུང་ན་གྲོང་ཚོར་བསྐྱོད་ནས་གྲོང་མི་དང་མཉམ་དུ་ཞིང་ལས་བྱེད་ཀྱི་ཡོད།
“ཚེ་རིང་ཆོས་སྒྲོན་ནི་འདི་ལོ་ལོ་42ཡིན་པ་དང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཞིག་རེད། བཟའ་ཟླ་འཁོར་འཛོལ་བྱུང་ནས་གྲོངས་པ་དང་ནང་དུ་བུ་མོ་གཉིས་ཡོད། ཁྱིམ་ལ་ས་ཞིང་མེད་ལ་ལོའི་ཁེ་གཙང་ཡོང་འབབ་སྒོར་6000ཡང་ཟིན་གྱི་མེད”ཅེས་ཁྲེང་ཞུའེ་ཧྥུང་གི“དབུལ་སྐྱོར་ཉིན་ཐོའི”ནང་བྲིས་ཡོད་པ་དང་། དུད་ཚང་དབུལ་པོ་མང་ཆེ་བ་ནི་ས་རྒྱུ་ཞན་པ་དང་། ལག་རྩལ་དཀོན་པ། ངལ་ནུས་མི་འདང་བ་སོགས་ཀྱི་རྐྱེན་པས་དབུལ་པོར་གྱུར་བ་ཞིག་རེད།
ཁ་ཕྱོགས་གསལ་སྟོན་དང་གནད་སྨིན་ཤུགས་འདོན་བྱས་ཤིང་། ཁྲེང་ཞུའེ་ཧྥུང་གིས་ཤེས་རྟོཌ་བྱས་པའི་གནས་ཚུལ་འཕྲལ་མར་ཚན་པར་སྙན་སེང་ཞུས་པ་མ་ཟད། གྲོང་ཚོ“ཨུ་ལྷན་གཉིས”ཚན་ཁག་གི་ཁོངས་མི་དང་ངོ་འཕྲད་ཚོགས་འདུ་འཚོགས་ནས་དུད་ཚང་སུ་ཞིག་གིས་ལག་རྩལ་སྦྱངས་ན་འཚམ་པ་དང་། སུ་ཞིག་གིས་འདེབས་འཛུགས་གསོ་ཚཌ་བྱས་ན་འཚམ་པ། སུ་ཞིག་ལ་སློབ་གསོའི་རོགས་སྐྱོར་བྱེད་དགོས་པ་བཅས་ལ་ཞིབ་འཇུག་བྱས་ཏེ་དམིགས་སའི་རང་བཞིན་གྱིས་རོགས་སྐྱོར་ཇུས་གཞི་བཟོས་པ་རེད།
འདེབས་འཛུགས་གསོ་ཚགས་ལས་རིགས་ནི་དབུལ་སྒྲོལ་བྱེད་པའི་བྱེད་ཐབས་ཀྱི་གྲས་ཤིག་ཡིན་ཞིང་། དཔུང་སྡེ་དེས་གྲོང་མི་ཚོར་སྔོ་ཚལ་གྱི་སོན་དང་བོད་རྒྱ་ཡིག་རིགས་གཉིས་ཀྱི་འདེབས་འཛུགས་གསོ་ཚགས་དཔེ་དེབ་སྤྲད་པ་དང་ཆབས་ཅིག ཁོངས་གཏོགས་ཐོན་སྐྱེད་རྟེན་གཞིའི་ལག་རྩལ་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་གྲོང་མི་སྒྲིག་འཛུགས་བྱས་ཏེ་རྟེན་གཞིར་ལྟ་སྐོར་བྱས་པ་དང་འདེབས་འཛུགས་གསོ་ཚགས་ཀྱི་རྐང་འཛིན་པ་སྐོང་འཐེན་བྱས་ཏེ་ཉམས་མྱོང་དམར་ཁྲིད་དང་དུས་ཡུན་རིང་པོའི་ནང་ཞིང་འབྲོག་པར་ལག་རྩལ་གྱི་དཀའ་ངལ་སེལ་རོགས་བྱས་པ་རེད།
གྲོང་གསེབ་སློབ་ཆུང་དགེ་རྒན་གྱི་སྟོབས་ཤུགས་ཅུང་ཞན་པར་དམིགས་ནས་དཔུང་སྡེ་དེས་དངོས་གཞིའི་ཚན་ཁག་ཡན་གྱི་སློབ་རྒྱུས་ཡོད་པའི་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་གྲོང་ཚོའི་ནང་གི་བྱིས་པ་དང་གསབ་ཁྲིད་ཆ་སྒྲིག་གིས་གཟའ་མཇུག་གམ་ཡང་ན་དུས་ཆེན་གྱི་གུང་གསེང་སྤྱད་དེ་བྱིས་པ་ཚོར་གསབ་ཁྲིད་བྱེད་པ་དང་། “དམག་སྒར་དུ་སྐྱོད་པའི”བྱེད་སྒོ་དུས་བཀག་ལྟར་སྤེལ་ནས་དམག་སྦྱོང་དང་རྒྱལ་སྲུང་སློབ་གསོ་བརྒྱབ་པ་རེད།
ངལ་གསོ་བའི་དུས་བྱུང་ཚེ་ཁྲེང་ཞུའེ་ཧྥུང་རྒྱབ་རིར་འཛེགས་ཀྱི་ཡོད་ལ། དེ་ནས་གཡོ་རི་དུང་གྲོང་ཚོའི་མཛེས་ལྗོངས་ཡོངས་སུ་མཐོང་ཐུབ་ཀྱི་ཡོད་པ་སྟེ། སྤེལ་མར་ཆགས་པའི་ཁང་པ་དང་། ཞིང་ནང་དུ་ལས་ལ་བྲེལ་བའི་གཟུགས་བརྙན། ཐོག་སྟེང་གི་སྔོ་ལྷོག་ལྷོག་ཏུ་འཕྱུར་བའི་དུ་བ་སོགས་ཁོང་གིས་ཡུལ་མི་ཚོ་རང་ཉིད་ཀྱི་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་འཚོ་བ་ཇེ་ཡག་ཏུ་འགྲོ་བཞིན་པ་མཐོང་དུས་རང་ཉིད་ལ་བདེ་སྐྱིད་ཀྱི་ཚོར་སྣང་ཆེན་པོ་སྐྱེ་ཡི་འདུག་ཅེས་བརྗོད།